གསར་འགོད་པས་ཚེས་དགུ་ཉིན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་བའི་གོམས་སྟབས་ཇེ་མགྱོགས་སུ་འགྲོ་བར་སྔར་ལས་རྒྱབ་སྐྱོར་བྱེད་ཆེད། གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་སྤྱིའི་རེ་བ་ལྟར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ལས་ཐད་མ་དངུལ་གཏོང་ཚད་དང་རོང་འབྲོག་ཕྱོགས་ཀྱི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་། ད་ལོར་བསྡོམས་པས་ཞིང་ཆེན་རིམ་པའི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་ས་ཡ་གཅིག་བཀོད་སྒྲིག་བྱས་པ་དང་། དེ་ལོ་སྔོན་མའི་མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་ལྔ་ལས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་དྲུག་གིས་ཇེ་མང་ལ་སོང་ཞིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་བཅུ་དྲུག་ལྷག་ཇེ་མཐོར་སོང་བས། སྤྱི་གྲངས་དང་སྤྱིའི་འཕར་ཚད་སོགས་ཀྱིས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་བསྐྲུན།
ལོ་ཙཱ་བ། བཀྲ་ཤིས་འབུམ། |