དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་སྟེང་ཆུ་བེད་འགན་སྲུང་གི་
ནུས་པ་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས10ཉིན།    

    ཟླ་གསུམ་པའི་ཚེས་བཞི་ཉིན་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་བ་ཁོང་དུ་ཆུད་པར་བྱས་ནས།  ཆུ་བེད་བཟོ་སྐྲུན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཆུ་བེད་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ།  དམངས་ཀྱི་འཚོ་བའི་ཆུ་བེད་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་པ།  ཆུ་བེད་འཆམ་མཐུན་འཕེལ་རྒྱས་མངོན་འགྱུར་བྱེད་པ།  ཆུ་བེད་ཐོན་ཁུངས་འཛུགས་སྐྲུན་ལ་ཡར་སྐུལ་བཅས་བྱས་ཏེ་ཆུ་བེད་གཅིག་གྱུར་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་དང་།  ཆུ་བེད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་ནས་བཟུང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱེད་དགོས་ཟེར།  ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྲོས་ཚོགས་ལ་ཞུགས། 

   གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  རང་རེའི་མཚོ་སྔོན་ཞིང་ཆེན་གྱིས་ཆུ་བེད་ལས་གཞིའི་འཛུགས་སྐྲུན་དེ་སྔར་ལས་གོ་གནས་གལ་ཆེན་གྱི་སྟེང་དུ་བཞག་སྟེ་དམ་འཛིན་བྱེད་རྒྱུ་ཡིན་པ་དང་། འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་དང་ཆུ་བེད་གཙོ་བོའི་བཟོ་སྐྲུན།  ཆུ་ལོག་སྔོན་འགོག་བྱེད་པའི་བཟོ་སྐྲུན་དང་སྦུག་ལམ་ནས་ཆུ་འདྲེན་པ་བསྒྱུར་བཀོད་བྱེད་པའི་བཟོ་སྐྲུན།  ཆུ་གློག་ཆུང་བའི་བཟོ་སྐྲུན་འཛུགས་སྐྲུན་བཅས་འཕེལ་རྒྱས་སུ་གཏོང་རྒྱུ་རེད། 

   གྲོས་ཚོགས་སྟེང་ཆུ་བེད་སྔོན་ཐོན་རྫོང་གི་འཐུས་མི་དང་མཚོ་ནུབ་ཁུལ་ཆུ་དོན་ཅུའུ་དང་རྨ་ལྷོ་ཁུལ་ཆུ་དོན་ཅུའུ། ཆུ་བེད་ཐིན་ཞིང་ལས་ཆུ་དོན་ཁྲུའུ།  ཆུ་བེད་ཐིན་ཆུ་བེད་དོ་དམ་ཅུའུ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།  གྲོས་ཚོགས་ནས་ད་དུང་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱི་སྔོན་ཐོན་རྫོང་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས།

ལོ་ཙཱ་བ། གཡང་འབུམ་རྒྱལ།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)