དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་གི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་བུད་མེད་དགུ་ལ་རྒྱལ་ཡོངས་དང་ཞིང་ཆེན་
རིམ་པའི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་མཚན་སྙན་ཐོབ་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས10ཉིན།    

     ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར་རང་ཞིང་གི་བུད་མེད་ཚན་རྩལ་བྱ་བ་སྒྲུབ་མཁན་མཐུན་ཚོགས་ཀྱི་ཁྲོད་དུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་མཚན་སྙན་ཐོབ་པའི་བུད་མེད་བྱ་བ་སྒྲུབ་མཁན་རྣམས་ལ་བྱ་དགའ་བྱིན།
    ཞིང་ཆེན་བུད་མེད་ཚན་རྩལ་བྱ་བ་སྒྲུབ་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་བུའུ་ཞིག་ཡུན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མཚན་ཉིད་རིག་པ་སྤྱི་ཚོགས་སའོ་ཡི་སའོ་ཀྲང་གཞོན་པ།  ཞིབ་འཇུག་པ་ལྷ་མོ་འཚོ་ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་།  མཚོ་སྔོན་སློབ་གྲྭ་ཆེན་མོའི་ཞིང་ཕྱུགས་སློབ་གླིང་སྲོག་ཆགས་ཚན་ཁག་གི་དགེ་རྒན་ཆེན་མོ་ཀྲང་ལིན་ཆིན་དང་།  ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྲོག་ཆགས་ཞིབ་འཇུག་སའོ་ཞིབ་འཇུག་ཁང་དབྱེ་ཞིབ་ཚོད་ལྟའི་ལྟེ་གནས་ཀྱི་ཀྲུའུ་རིན་ཧུའུ་ཧྥིན་ཙུའུ།  ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བང་ཁྲོང་ཕེན།  ཀྲུང་གོ་གློག་ཤུགས་ནོར་སྲིད་ཚད་ཡོད་ཀུང་ཟི་མཚོ་སྔོན་བྱེད་སྒོ་པུའུ་ཡི་ཀྲུའུ་རིན་ལིའུ་ཞིག་ཅུའུ།  ཞིང་ཆེན་དྲུག་གཅིག་བྱིས་པ་ཁང་གི་ཡོན་ཀྲང་བང་བུན་ལིས།  ཞིང་ཆེན་སན་མོ་བྱིས་པ་ཁང་གི་ཡོན་ཀྲང་ལོ་ཡེ་ལེན།  ཞིང་ཆེན་ཀྲུང་ལུགས་སྨན་ཁང་དབུགས་ལམ་ཚན་ཁག་གི་ཀྲུའུ་རིན།  སྨན་པ་འབུམ་རམས་པ་ལུས་ཧྭ་བཅས་བུད་མེད་བྱ་བ་སྒྲུབ་མཁན་གྱི་མི་བདུན་ལ་ཞིང་ཆེན་རིམ་པའི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་མཚན་སྙན་ཐོབ།

ལོ་ཙཱ་བ།  ཤ་བོ་སྐྱབས།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)