དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
འཐུས་མི་ནོར་སྡེ་ཡིས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་
སྐྱོར་བྱེད་པའི་དབུལ་སྐྱོར་གསར་སྤེལ་གྱི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུའི་གྲོས་གཞི་བཏོན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས9ཉིན།    

    བོད་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། རྒྱལ་ཁབ་ཀྱིས་བོད་ཁུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་དབུལ་སྐྱོར་གསར་སྤེལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་ཆེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ནོར་སྡེས་རྒྱལ་ཁབ་ཀྱིས་ཀན་སུའུ་དང་།  ཉིན་ཞ་སོགས་དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ལྟར།   མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དབུལ་སྐྱོར་གསར་སྤེལ་གྱི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུའི་གྲོས་གཞི་བཏོན།
   «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའི»དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབ་བྱེད་ཆེད།  མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ནསགཙོ་བོ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བ་དང་དེ་མིན་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཕན་ལས་དོན་བྱ་བར་ཤུགས་བསྣན་ནས།  རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་སོགས་ནང་དོན་གཙོ་ཡིན་པའི་དབུལ་སྐྱོར་གསར་སྤེལ་ལས་གཞི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།
    ས་གཤིས་དང་།  ནམ་ཟླ།  སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་སོགས་རྒྱུ་རྐྱེན་གྱིས་མཚོ་སྔོན་བོད་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་ཚད་ཅུང་མང་ཞིང་།   རང་སྟེང་ནས་འཕེལ་རྒྱས་སུ་གཏོང་ཤུགས་ཀྱང་ཅུང་ཞན།  རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་གྱི་སྟབས་མི་བདེ་བ་དང་།  འཐུང་ཆུའི་གནད་དོན་ཐག་བཅད་མེད་པ།  གློག་བཀོལ་བའི་ཆ་རྐྱེན་ཞན་པ་དང་། འཕྲིན་གཏོང་གི་ཆ་རྐྱེན་ཞན་པ་སོགས་གནད་དོན་ཧ་ཅང་འབུར་ཐོན་ཡིན་པ་དང་།  སློབ་གསོ་དང་། འཕྲོད་བསྟེན།  རིག་གནས། ལུས་རྩལ་སོགས་ཀྱི་སྒྲིག་ཆས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པ།  སྤྱི་སྤྱོད་ཞབས་ཞུའི་ནུས་པ་ཧ་ཅང་མི་འདང་བས། མཚོ་སྔོན་བོད་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བས། ནོར་སྡེས་ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་རེར་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་བཀོད་སྒྲིག་བྱས་ནས།   རྒྱབ་ཁབ་ཀྱིས་བོད་ཁུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་དབུལ་སྐྱོར་གསར་སྤེལ་གྱི་གཟིགས་སྐྱོང་སྲིད་ཇུས་དེ་དོན་ངོ་མས་དངོས་འབེབ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་གྲོས་གཞི་བཏོན།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།བློ་མཐུན་ཀྲིག་ཡུང་ཁང་གིས་[07-26]
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་[07-26]
རང་ཞིང་གིས་རོང་འབྲོག་ཕྱོགས་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་[07-26]
མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་བ[07-26]
2010ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་རོགས་རམ་མ་དངུལ་[07-26]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)