རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཀྲུང་དབྱང་གིས་མ་དངུལ་སྒོར་མོ་དུང་ཕྱུར་བརྒྱད་ཕྱུངས་ནས་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་གྱི་འདུག་ཁང་གནད་དོན་རྩ་བ་ནས་ཐག་གཅོད་དགོས་པའི་གྲོས་གཞི་བཏོན། པད་མས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཕྱོགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་དང་ཟ་ཁང་སོགས་སློབ་གསོའི་ལས་གཞི་ལག་བསྟར་བྱས་པར་མཚོ་སྔོན་མི་དམངས་ཀྱིས་བཀའ་དྲིན་ཆེ་ཞུས་པ་ཡིན། ཡིན་ནའང་དགེ་རྒན་གྱི་འདུག་ཁང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་མི་འདང་བས། རོང་འབྲོག་ཕྱོགས་ཀྱི་དགེ་རྒན་དཔུང་སྡེ་བརྟན་འཇགས་ཡོང་བ་དང་རོང་འབྲོག་ཕྱོགས་ཀྱི་སློབ་གསོའི་ལས་དོན་ཡུན་རིང་གོང་འཕེལ་དུ་འགྲོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཟེར།
པད་མ་ཡིས་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་རང་བྱུང་ཆ་རྐྱེན་ཞན་ཞིང་བྱ་བ་དང་འཚོ་བར་ཧ་ཅང་དཀའ་ཚེགས་ཆེ་བ་དང་། དགེ་རྒན་ལ་འདུག་ཁང་དཀོན་པའི་གནས་ཚུལ་དངོས་ལ་དམིགས་ཏེ། ཆེད་སྤྱོད་མ་དངུལ་གཏན་ཁེལ་བྱས་ནས་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་གྱི་འདུག་ཁང་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་ཆེན་པོ་བྱེད་དགོས་པའི་གྲོས་གཞི་བཏོན།
ལོ་ཙཱ་བ། བཀྲ་ཤིས་འབུམ། |