ཟླ་གཉིས་པའི་ཚེས་དྲུག་ཉིན་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་གྲོས་ཚོགས་སྟེང་།ཞིང་ཆེན་སྲིད་གཞུང་གིས2009ལོའི་ལོ་མཇུག་གི་རྨོ་ཞིང་སྲུང་སྐྱོབ་དམིགས་འབེན་གྱི་འགན་འཁྲི་དཔྱད་ཞིབ་ཁྲོད་དུ་ཨང་གསུམ་པའི་ཡན་གྱི་མིང་ཐོབ་པའི་མཚོ་ཤར་སྲིད་འཛིན་གཞུང་དོན་ཁང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་བཅས་ལ་གཟེངས་བསྟོད་བྱས།
2009ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བྱ་བ་སྤྱིའི་བཀོད་སྒྲིག་དང་རེ་བ་ལག་བསྟར་དངོས་འབེབས་བྱས་ཏེ། ལོ་མགོར་བཀོད་པའི་རྨོ་ཞིང་སྲུང་སྐྱོབ་དམིགས་འབེན་གྱི་འགན་འཁྲི་ཡི་གེ་དང་ལོ་མཇུག་གི་ས་ཞིང་བེད་སྤྱོད་ཀྱི་འཆར་འགོད་དམིགས་འབེན་འགན་འཁྲི་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྨོ་ཞིང་སྲུང་སྐྱོབ་ཀྱི་ཚད་མུའུ་ས་ཡ་བརྒྱད་དང་འབུམ་གཅིག་གི་ཚད་ལས་མི་དམའ་བ་དང་། གཞི་རྩའི་རྨོ་ཞིང་སྲུང་སྐྱོབ་ཀྱི་རྒྱ་ཁྱོན་མུའུ་ས་ཡ་དྲུག་དང་འབུམ་ལྔ་ཁྲི་གཅིག་ལས་མི་དམའ་བའི་དམིགས་འབེན་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ནུས་ཡོད་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ཀྱི་དོ་དམ་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཞིང་ཆེན་སྲིད་གཞུང་གིས་གཟེངས་བསྟོད་ཐོབ་པའི་ས་ཁུལ་གྱིས་སྔར་ལས་ལྷག་པར་ཡང་ཡང་འབད་བརྩོན་བྱས་ཏེ་འགན་འཁྲིའི་འདུ་ཤེས་ཆེ་རུ་བསྐྱེད་དེ། ནན་ཏན་སྒོས་འོས་འཚམ་དང་ལུགས་མཐུན་གྱིས་ས་ཞིང་བཀོད་སྤྱོད་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་ལག་བསྟར་དངོས་འབེབས་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དོན་དངོས་ཀྱིས་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། ཤ་བོ་སྐྱབས། |