ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཏུང་ཧྲིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཕིན་ཞིན། ཧྲིན་ཀྲང་གཞོན་པ་སྐྱིད་བདེ་རྨ་རྒྱལ། ཧྲིན་ཀྲང་གཞོན་པ་ཧོ་ཐིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོ་ཆི་ཀྲུང་བཅས་ཀྱིས་སྔ་གཞུག་ཏུ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་། མེ་གསོད་སྤྱི་ཁྱབ་རུ་ཁག་གི་དཔོན་དམག སྤྱི་བདེ་སྔོན་གཤེགས་དཔའ་བོའི་ཁྱིམ་མི། དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་མི། ཁེ་ལས་ཀྱི་ལས་ཡུལ་དང་པོ་ན་ཡོད་པའི་ལས་བཟོ་བ་དང་བློ་མཐུན་རྒན་པ་བཅས་ལ་འཚམས་འདྲི་བྱས།
ཟླ2པའི་ཚེས5ཉིན། མུའུ་ཏུང་ཧྲིན་གྱིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་བུའུ་ཡན་ཅན་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་རྟགས་མ་ཐོབ་མཁན་ཆིན་བན་ཀྲང་གཉིས་ལ་སྐོར་བརྒྱབ་སྟེ། ཁོ་ཚོར་འཚམས་འདྲིའི་སྒོར་མོ་དང་དངོས་པོ་བྱིན་པར་མ་ཟད། མུའུ་ཏུང་ཧྲིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁོ་ཚོར་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུས།
ཟླ2པའི་ཚེས5ཉིན། ལིས་ཕིན་ཞིན་གྱིས་ཞིང་ཆེན་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་དང་། སྤྱི་བདེ་སྔོན་གཤེགས་དཔའ་བོའི་ཁྱིམ་མི། དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་མི་བཅས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་འཚམས་འདྲིའི་སྒོར་མོ་དང་དངོས་པོ་བྱིན་པར་མ་ཟད། དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུས།
ཟླ2པའི་ཚེས6ཉིན། ཧྲིན་ཀྲང་གཞོན་པ་སྐྱིད་བདེ་རྨ་རྒྱལ་མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་ཚད་ཡོད་ཀུང་ཟིར་སོང་ནས་ལས་ཡུལ་དང་པོའི་ལས་བཟོ་བར་འཚམས་འདྲི་བྱས། ཁོ་འཁོར་ཁང་དུ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་བཟོ་རྩལ་དང་ཐོན་སྐྱེད་རྒྱུ་སྤུས། བདག་གཉེར་དང་སྤྲོད་འཚོང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་བཞུགས་མོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་ལོ་སར་གྱི་འཚམས་འདྲི་ཞུས།
ཟླ2པའི་ཚེས5ཉིན། ཧྲིན་ཀྲང་གཞོན་པ་ཧོ་ཐིང་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟི་ལ་སོང་ནས། ཀུང་ཟིའི་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་འཚམས་འདྲིའི་སྒོར་མོ་དང་དངོས་བོ་བྱིན། ཧོ་ཐིང་གིས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟིས་ཉེ་བའི་ལོ་འགའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།
ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། ཀྲོ་ཆི་ཀྲུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། སྔ་གཞུག་ཏུ་བློ་མཐུན་རྒན་པ་མཱ་ཅིན་ཞོ་དང་། དཀོན་མཆོག རིན་ཀྲིན་ཡུས། མཱ་ཡོན་པའོ། ཞོང་ཞིན་ཚེ་བཅས་ཀྱི་ཁྱིམ་ལ་སོང་ནས། ཁོ་ཚོར་རྗེས་དྲན་འཚམས་རྟགས་དང་འཚམས་འདྲིའི་སྒོར་མོ་བྱིན་པ་མ་ཟད། གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་བཟང་བོ་ཞུས།
ལོ་ཙཱ་བ། ཀླུ་འབུམ་བྱམས། |