དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ལའོ་ཡུས་ལིན་གྱིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་
ཀུང་ཟིའི་མགོ་ཁྲིད་པ་དང་མཉམ་དུ་བཞུགས་མོལ་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས6ཉིན།    

   ཉེ་ལམ་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་པའི་ལག་རོགས་ལིས་བན་ཡུས་སོགས་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་དུ་ཡོད་པའི་ཁེ་ལས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།   ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྱིས་ཐུག་འཕྲད་བྱས་པར་མ་ཟད་ལིས་བན་ཡུས་སོགས་དང་བཞུགས་མོལ་བྱས།
   ལའོ་ཡུས་ལིན་གྱིས་བཤད་དོན། མཚོ་སྔོན་དུ་ཡོད་པའི་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟིའི་ཁེ་ལས་པ་དང་།  ནང་སྒོས་སུ་མཚོ་སྔོན་རྡོ་སྣུམ་ཡན་ལག་ཀུང་ཟི།  མཚོ་སྔོན་ཕྱིར་འཚོང་ཀུང་ཟི་བཅས་རང་ཞིང་གི་ཁེ་ལས་གཙོ་བོ་དང་དཔྱ་ཁྲལ་འཇལ་བའི་ཁེ་ལས་ཆེན་པོ་ཡིན་པའི་ཆ་ནས།   རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་ནུས་པ་ཆེན་པོ་འདོན་བཞིན་ཡོད།  དངུལ་ལོར་ཉམས་ཉེན་ལ་ཐུག་སྐབས།   ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཀུང་ཟིའི་ཡང་དག་པའི་མགོ་ཁྲིད་འོག  ཁེ་ལས་དེ་དག་གིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།   ཧུར་ཐག་གིས་ཁ་གཏད་འཇལ་ཏེ་ཕན་འབྲས་ཇེ་མང་དུ་གཏོང་བ་དང་།   ཚོང་ར་གསར་གཏོད་བྱས་ནས།  རང་སྟེང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་མཉམ་དུ།  ནན་ཏན་གྱིས་ཀྲུང་དབྱང་གི་ཁེ་ལས་ཆེན་པོས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པའི་འགན་ཁུར་དང་འོས་འགན་ལག་བསྟར་བྱས་ནས།  མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཟེར།
    ལིས་བན་ཡུས་ཀྱིས་བཤད་དོན།   ལོ་མང་བོའི་རིང་ལ།   ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟི་མཚོ་སྔོན་རྡོ་སྣུམ་ཡན་ལག་ཀུང་ཟི་དང་མཚོ་སྔོན་ཕྱིར་ཚོང་ཀུང་ཟི་སོགས་མཚོ་སྔོན་དུ་ཡོད་པའི་ཁེ་ལས་དགུས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་།  ཁེ་ལས་ཀྱིས་ཧུར་ཐག་གིས་འབད་བརྩོན་བྱས་འོག་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་བྱུང་།  ནང་སྒོས་སུ་ཉིས་སྟོང་དགུ་ལོར་དཔལ་འབྱོར་ཉམས་ཉེན་ལ་ཐུག་སྐབས།  ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ལ་ཤུགས་རྐྱེན་ཐེབས་པ་དང་།  ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག   མཚོ་སྔོན་རྡོ་སྣུམ་ཡན་ལག་ཀུང་ཟི་དང་།   མཚོ་སྔོན་ཕྱིར་ཚོང་ཀུང་ཟི་གཉིས་ཀྱིས་ཐོན་སྐྱེད་བདག་གཉེར་ཐད་ནས་གྲུབ་འབྲས་ཅུང་བཟང་བོ་བླངས་ཟེར།  ཕྱིན་ཆད་མཚོ་སྔོན་རྡོ་སྣུམ་ཡན་ལག་ཀུང་ཟི་དང་།  མཚོ་སྔོན་ཕྱིར་ཚོང་ཀུང་ཟི་གཉིས་ཀྱིས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ཐོན་ཚད་ཇེ་མང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
ཀྲུང་གོ་གོ་མིན་ཏང་གི་མཐོ་རིམ་མགོ་ཁྲིད་པ་བུའུ་པིའོ་ཞུང་དང་ཅང་[03-17]
མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གཞི་གཅིག་ཅན་གྱི་འཆར་[03-17]
ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཚན་ཆུང་གིས་མཚོ་ཤར་ས་ཁུལ་དང་[03-17]
ཞིང་ཆེན་དམག་ཁུལ་གྱིས་དེང་རབས་གསར་བརྗེ་དམག་དཔུང་གི་སྲོག་ཤིང་རིན་ཐང་ལྟ་བ་[03-17]
མཚོ་སྔོན་གྱི་ལྷད་མེད་དཔལ་འབྱོར་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུའི་རྩ་འཛུགས་[03-17]
རང་ཞིང་གིས་གནོད་ཐེབས་རོགས་སྐྱོར་མ་དངུལ་སྒོར་ཁྲི་ཚོ2000བཏང་སྟེ་[03-16]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)