ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལིས་མེན་ཅིན་སོགས་ཟླ2པའི་ཚེས4ཉིན་གྱི་སྔ་དྲོར་ཏ་ཐུང་རྫོང་ཞིང་དཔའ་བོད་རིགས་ཞང་ལ་སོང་ནས་དཀའ་ཁག་ཆེ་བའི་སློབ་མར་འཚམས་འདྲིའི་སྒོར་མོ་བྱིན་པ་དང་། ཁོ་ཚོར་སློབ་སྦྱོང་ཡར་ཐོན་ཡོང་བའི་སྨོན་འདུན་ཞུས་པ་དང་། ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།
ལིས་མེན་ཅིན་གྱིས་དཀའ་ཁག་ཆེ་བའི་སློབ་མའི་སློབ་སྦྱོང་དང་འཚོ་བ། ཁྱིམ་ཚང་བཅས་ཀྱི་གནས་ཚུལ་གསལ་བོར་དྲིས་པ་དང་། རྫོང་དང་ཞང་། གྲོང་བརྡལ་བཅས་ཀྱི་འགན་ཁུར་པའི་ཡར་ཞུ་ལ་ཞིབ་མོར་ཉན་ཏེ། གནས་དེའི་སློབ་མ་གཅིག་ཀྱང་མ་ལུས་པར་སློབ་གྲྭ་འགྲོ་བཞིན་ཡོད་པ་ཤེས་རྗེས། ལིས་མེན་ཅིན་དགའ་སྤྲོའི་ངང་གནས་འདིའི་སྲིད་གཞུང་དང་སྡེ་ཁག་གིས་བོད་རིགས་ཞང་གི་སློབ་གསོའི་བྱ་བར་མུ་མཐུད་དུ་གཙིགས་འཛིན་བྱས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཆེ་བའི་གནས་ཚུལ་འོག་བྱིས་པ་རྣམས་ལ་ཐོབ་པར་དཀའ་པའི་སློབ་སྦྱོང་གི་གོ་སྐབས་དེ་གཏན་ནས་ཤོར་དུ་འཇུག་མི་རུང་བའི་རེ་བ་བཏོན་པར་མ་ཟད། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྗེས་སོར་དཀའ་ཁག་ཆེ་བའི་སློབ་མར་དོ་སྣང་སྔར་ལས་ཆེན་པོ་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཉམས་སུ་མྱོང་དུ་འཇུག་པ་དང་། མི་རབས་རྗེས་མ་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་པའི་བྱ་བ་དེ་སྔར་ལས་བཟང་བོར་སྒྲུབ་སྲིད་ཟེར།
དཀའ་ཁག་ཆེ་བའི་སློབ་མའི་འཐུས་མི་ཅི་ཧྲོན་ཆིན་གྱིས་ཀྱང་ང་ཚོས་སློབ་སྦྱོང་བཟང་པོ་བྱེད་པ་དང་། དེང་གི་བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་གྱི་དྲིན་ལན་འཇལ་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཀླུ་འབུམ་བྱམས། |