ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཟླ་བདུན་ཚེས་བཅུ་བདུན་ཉིན་འོད་སྡེར་སྟེར་བའི་མཛད་སྒོ་བསྡུས་ཏེ། ས་ཁུལ་ཁ་ཤས་དང་སློབ་གྲྭ་བཅས་ལ་ཀྲུང་དབྱང་གསར་འགྱུར་ཟུར་བཀོད་གློག་བརྙན་བཟོ་སྐྲུན་ཁང་གིས་ཆོག་མཆན་ཐོབ་ཏེ་སྒྱུར་བའི་གསར་འགྱུར་ཟུར་བཀོད《པཎ་ཆེན་སྐུ་ཕྲེང་བཅུ་བ》ཞེས་པའི་འོད་སྡེར་བྱིན་པ་དང་། དེ་ནི་ད་ལོའི་ཟླ་བཞི་བ་ནས་བཟུང་བོད་རིགས་འདུས་སྡོད་ས་ཁུལ་དུ་རྒྱ་བོད་སྐད་གཉིས་ཀྱི་ཆེད་སྒྲིག་བརྙན་ཕབ《ཞིང་བྲན་མང་ཚོགས་ལ་བཅིངས་འགྲོལ་ཐོབ་པ》ཞེས་པ་དང《བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ཏེ་ལོ་ངོ་ལྔ་བཅུ》ཞེས་པའི་འོད་སྡེར་བྱིན་རྗེས། རང་ཞིང་གིས་བོད་ཁུལ་དུ་འབྲེལ་བ་ཡོད་པའི་བདེ་འཇགས་བྱ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་ཆིའུ་ཆིན་ཧྲན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།
པཎ་ཆེན་ཨེར་ཏི་ཎི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རང་རྒྱལ་གྱི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་། མིང་དུ་གྲགས་པའི་རྒྱལ་དོན་བྱ་འགུལ་པ། ཀྲུང་གོ་གུང་ཁྲན་ཏང་ལ་བློ་དཀར་བའི་བློས་ཐུབ་གྲོགས་པོ། བོད་བརྒྱུད་ནང་བསྟན་གྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཡིན་ལ། ཁོང་གི་གསར་འགྱུར་ཟུར་བཀོད་དེ་ནི་ཁུངས་བཙུན་ལ་ནང་དོན་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཀྱི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་འོད་སྟོང་འབར་བའི་མཛད་རྗེས་ཟིན་ཐོར་བཀོད་པ་ནི། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། ལས་བྱེད་པ་དང་མང་ཚོགས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ཕྱོགས་སུ་སྣེ་ཁྲིད་དེ་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ལ་དོན་སྙིང་གལ་ཆེན་ལྡན། |