དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཀླུ་སྒྲུབ་མགོན་གྱིས་དཔའ་ངར་ཞུམ་མེད་ཀྱིས་ཆུ་ནང་དུ་ལྷུང་བའི་སློབ་མ་
སྐྱོབ་ཕྱིར་རང་སྲོག་བློས་བཏང་བ་དང་ཆང་བེ་ཡིས་ཆོག་
མཆན་མཛུབ་སྟོན་བཀོད་དེ་གུས་སེམས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ7པའི་ཚེས17ཉིན།    

    ཟླ5བའི་ཚེས21ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་རོགས་འདེགས་པ་ཀླུ་སྒྲུབ་མགོན་གྱིས་ཆུ་ནང་དུ་ལྷུང་བའི་སློབ་མ་སྐྱོབ་ཕྱིར་དཔའ་ངར་གྱིས་རང་སྲོག་བློས་བཏང་བའི་བྱས་རྗེས་དེ་ནུབ་མཚོའི་གྲོང་ཁྱེར་ཚགས་པར་སྟེང་བཀོད་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་ཆོག་མཆན་མཛུབ་སྟོན་གལ་ཆེན་བཀོད་དེ། བློ་མཐུན་ཀླུ་སྒྲུབ་མགོན་ལ་བླ་མེད་གུས་སེམས་བསྟན་པ་དང་ཡིད་སྐྱོ་བའི་མྱ་ངན་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཕིན་ཞིན་གྱིས་བློ་མཐུན་ཀླུ་སྒྲུབ་མགོན་གྱི་སེམས་འགུལ་ཐེབས་པའི་བྱས་རྗེས་དྲིལ་སྒྲོག་དང་དར་སྤེལ་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན། ཟླ7པའི་ཚེས1ཉིན། ཞིང་ཆེན་དཔའ་ངར་འཛད་མེད་བྱ་སྤྱོད་ཐེབས་རྩ་ཚོགས་པས་ཀླུ་སྒྲུབ་མགོན་ལ་མཚོ་སྔོན་ཞིང་ཆེན་དཔའ་ངར་འཛད་མེད་ཀྱི་སྔོན་ཐོན་པའི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཐག་བཅད་པར་མ་ཟད། ཁོའི་གཉེན་མི་ལ་འཚམས་འདྲིའི་སྒོར་མོ་ཁྲི་གཅིག་བྱིན།
    ལོ་ཉེར་བཞི་ལ་སོན་པའི་ཀླུ་སྒྲུབ་མགོན་ཚེ་ལས་མ་འདས་པའི་སྔོན་དུ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་རོགས་འདེགས་པ་རེད།   ཟླ5བའི་ཚེས21ཉིན། དཀྱིལ་རྒྱུགས་སྤྲད་མ་ཐག་པའི་རྟ་བོར་མི་རིགས་སློབ་འབྲིང་དམའ་རིམ་དང་པོའི་སློབ་མ་གསུམ་དགུ་ཆུའི་འགྲམ་དུ་རྩེད་སྐབས་སྟབས་མ་ལེགས་པར་ཆུ་ནང་དུ་ལྷུང་ནས་དེ་མ་ཐག་ཆུས་ཁུར། ཉེན་བརྡ་འབྱོེར་རྗེས། མ་གཞིར་ཉེན་རྟོག་གི་ལས་འགན་མེད་པའི་ཀླུ་སྒྲུབ་མགོན་མ་སྐུལ་བཏང་བླངས་ཀྱིས་ཆུས་ཁུར་བའི་སློབ་མ་སྐྱོབ་པའི་གྲས་སུ་ཞུགས། དོན་རྐྱེན་བྱུང་སར་འབྱོར་རྗེས། ཆུར་རྐྱལ་མི་ཤེས་པའི་ཀླུ་སྒྲུབ་མགོན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལྷང་ལྷུང་དུ་འབབ་པའི་ཆུ་ནང་ལ་ལྡིང་སྟེ། རང་སྲོག་རྒྱབ་དུ་དོར་ནས་ཆུར་ལྷུང་བའི་སློབ་མ་སྐྱོབ་ཅི་ཐུབ་བྱས་ན་ཡང་། མཐའ་མར་རང་ཉིད་ཆུས་ཁུར་ནས་ཚེ་སྲོག་ཤོར།  

  འབྲེལ་ཡོད་དྲ་སྦྲེལ།
མཚོ་སྔོན་དང་བོད་ལྗོངས་ས་གཤིས་གཏེར་རྫས་ཐོན་ཁུངས་ཞིབ་བཤེར་[09-02]
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་མངག་གཏོང་སའོ་ཀྲང་ལ་གཅིག་སྡུད་[09-02]
2010ལོའི་ཀྲུང་གོ་ཚོང་རྟགས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འཐབ་ཇུས་ལག་བསྟར་[09-02]
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་2010ལོའི་སྟོན་ཁའི་[09-02]
རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞང་དང་མཁར་གྲོང་སྡོད་དམངས་ཀྱི་[09-02]
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་པར་རིས་ཞིང་ཆེན་གཞན་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་[09-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)