དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་བློ་མཐུན་ལིས་ཁྲང་ཁྲོན་གྱིས་
མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་
ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ7པའི་ཚེས16ཉིན།    

      ཟླ7པའི་ཚེས13ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བློ་མཐུན་ལིས་ཁྲང་ཁྲོན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

      ཚོགས་ཐོག་ནས་བལྟས་ན། བློ་མཐུན་ལིས་ཁྲང་ཁྲོན་གྱི་གསུང་བཤད་གལ་ཆེན་དེས་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཚོ་སྔོན་གྱི་འཕེལ་རྒྱས་ལ་རེ་བ་ནན་མོ་བཏོན་པ་དང་། མཚོ་སྔོན་གྱི་དྲིལ་སྒྲོག་བསམ་བློ་དང་རིག་གནས་བྱ་བར་རེ་བ་གསལ་བོ་བཏོན་ཡོད། གསུང་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་བསམ་བློ་གཏིང་ཟབ་པ་ལས་ཚན་རིག་གི་འཕེལ་རྒྱས་ལྟ་བའི་རེ་བ་མཚོན་ཡོད་ལ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པས། གཞུང་ལུགས་ཀྱི་རང་བཞིན་དང་དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་དྲག་པོ་ལྡན། ཁྱད་པར་དུ་མཚོ་སྔོན་གྱིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་ལ་མཛུབ་སྟོན་གྱི་དོན་སྙིང་ལྡན་པས། ཞིང་ཆེན་ཡོངས་ཀྱིས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ནས་བློ་མཐུན་ལིས་ཁྲང་ཁྲོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པར་འདོད།

      ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བློ་མཐུན་ལིས་ཁྲང་ཁྲོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།  དར་རྒྱས་མིན་པའི་ས་ཁུལ་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བྱེད་པའི་ཕན་འབྲས་ལྡན་པའི་བགྲོད་ལམ་ཞིག་བློ་བརྟན་འགྱུར་མེད་སྒོས་གསར་གཏོད་བྱེད་པ་དང། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྔར་ལས་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས། ༢༠༢༠ལོའི་བར། མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།

     ཚོགས་ཐོག་ནས་བློ་མཐུན་ལིས་ཁྲང་ཁྲོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱལ་གོང་འཕེལ་ཆེན་པོ་འབྱུང་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་ཆེན་པོ་དང་ཡར་ཐོན་ཆེན་པོ་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

      ཚོགས་ཐོག་ནས་ད་ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་སྣ་ཚོགས་མངོན་འགྱུར་བྱེད་དགོས་ན། ལས་འགན་ད་རུང་ཤིན་ཏུ་ལྗིད་པས། བློ་མཐུན་ལིས་ཁྲང་ཁྲོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་བསྟུན་ནས། སྙིང་སྟོབས་སྔར་ལས་དར་སྤེལ་བྱེད་པ་དང་། དངོས་གཉེར་དངོས་སྒྲུབ་བྱེད་པ། བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ད་ལོའི་ལོ་སྟོད་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་པོ་བླངས་པའི་རྨང་གཞིའི་སྟེང་། ལོ་ཧྲིལ་བོའི་བྱ་བའི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

     ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། 

  འབྲེལ་ཡོད་དྲ་སྦྲེལ།
མཚོ་སྔོན་དང་བོད་ལྗོངས་ས་གཤིས་གཏེར་རྫས་ཐོན་ཁུངས་ཞིབ་བཤེར་[09-02]
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་མངག་གཏོང་སའོ་ཀྲང་ལ་གཅིག་སྡུད་[09-02]
2010ལོའི་ཀྲུང་གོ་ཚོང་རྟགས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འཐབ་ཇུས་ལག་བསྟར་[09-02]
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་2010ལོའི་སྟོན་ཁའི་[09-02]
རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞང་དང་མཁར་གྲོང་སྡོད་དམངས་ཀྱི་[09-02]
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་པར་རིས་ཞིང་ཆེན་གཞན་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་[09-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)