དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ས་ཁུལ་གྱི་འགོ་ནད་
སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་གཙིགས་འཛིན་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ7པའི་ཚེས16ཉིན།    

    གསར་འགོད་པས་ཚེས་བཅུ་བཞིའི་ཉིན་ཞིང་ཆེན་འཕྲོད་བསྟེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ས་ཁུལ་གྱི་འགོ་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བར་གཙིགས་འཛིན་བྱས་པ་དང་། འགོ་ནད་མཆེད་པར་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད །   ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཉེ་ལམ«གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ས་ཁུལ་གྱི་འགོ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར»གཏན་ལ་ཕབ་སྟེ།  གནས་སྤོར་ཡུལ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས།   དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་ཡར་སྐུལ་བྱས།
     མཚམས་སྦྱོར་བྱས་པ་ལྟར་ན།   «བསམ་འཆར»ལས་ཕྱོགས་ལྔའི་ཐད་ནས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ས་ཁུལ་གྱི་འགོ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན་ཡོད་དེ། གཅིག་ནས་ས་ཁོངས་འཕྲོད་བསྟེན་འཆར་འགོད་ལས་ཁུངས་འཛུགས་པའི་ཚད་གཞི་ལྟར།  སྐྱེ་ཁམས་གནས་སྤོར་སྡེ་བ་གསར་བ་ནས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཛུགས་དགོས །  གཉིས་ནས་ས་ཁོངས་དོ་དམ་རྩ་དོན་ལྟར།   སྐྱེ་ཁམས་གནས་སྤོར་ཡུལ་མིས་ནད་སྟོན་པའི་གནས་ཚུལ་ཐོ་འགོད་དང་འགོ་ནད་སྙན་ཞུ་བྱ་བ་བཟང་བོར་སྒྲུབ་སྟེ།   དུས་ཐོག་ཏུ་འགོ་ནད་མཆེད་པར་རྟོག་ཞིབ་དང་ནད་ཡམས་ཀྱི་གནས་ཚུལ་ཐག་གཅོད་དགོས།  གསུམ་ནས་ནན་ཏན་གྱིས་རྒྱལ་ཁབ་ཀྱི་ནད་འགོག་འཆར་གཞི་དང་སྲིད་ཇུས། ལས་འགན་བཅས་དངོས་འབེབས་བྱས་ནས།   འགོག་ཁབ་རྒྱག་པའི་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས།   བཞི་ནས་ཧུར་ཐག་གིས་རྩ་འཛུགས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ ། རྒྱ་ཆེའི་མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་སྣ་ཚོགས་དྲིལ་སྒྲོག་བྱེད་དགོས།  ལྔ་ནས་འགོ་ནད་སྔོན་འགོག་བྱེད་པ་དང་ས་ཁུལ་གལ་ཆེན་གྱི་ནད་ཡམས་ཚོད་འཛིན་བྱེད་པའི་བྱེད་ཐབས་ལ་དམིགས་ནས།   ནན་ཏན་གྱིས་ཨེ་ཙི་ནད་དང་། གློ་གཅོང་གི་ནད་སོགས་འགོ་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་བཅས་རེད།

  འབྲེལ་ཡོད་དྲ་སྦྲེལ།
མཚོ་སྔོན་དང་བོད་ལྗོངས་ས་གཤིས་གཏེར་རྫས་ཐོན་ཁུངས་ཞིབ་བཤེར་[09-02]
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་མངག་གཏོང་སའོ་ཀྲང་ལ་གཅིག་སྡུད་[09-02]
2010ལོའི་ཀྲུང་གོ་ཚོང་རྟགས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འཐབ་ཇུས་ལག་བསྟར་[09-02]
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་2010ལོའི་སྟོན་ཁའི་[09-02]
རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞང་དང་མཁར་གྲོང་སྡོད་དམངས་ཀྱི་[09-02]
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་པར་རིས་ཞིང་ཆེན་གཞན་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་[09-02]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)