
ཉིང་ཁྲིའི་ཀླུ་ནང་སྐྱེ་ཁམས་གནས་སྐོར་གྲོང་ཚོ།
བོད་ལྗོངས་ཉིང་ཁྲི་ས་ཁུལ་ལ་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་བརྟེན། ཤུགས་ཆེན་པོས་ནགས་ཚལ་སྐྱེ་ཁམས་གནས་སྐོར་གོང་འཕེལ་ཏུ་བཏང་། ཉིང་ཁྲིའི་བྲག་གསུམ་མཚོ་དང་། སེར་ཁྱིམ་ལ་སོགས་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་ལམ318ལམ་རྒྱུད་སོགས་གཅིག་རྗེས་གཉིས་མཐུད་ངང་སྐྱེ་ཁམས་གནས་སྐོར་བྱེད་ཡུལ་གྲགས་ཅན་ཏུ་འཕེལ་རྒྱས་སུ་བཏང་ཡོད། ཉིས་སྟོང་དགུ་ལོར། ཉིང་ཁྲི་ས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་ས་ཡ་གཅིག་འབུམ་གཅིག་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་སྒོ་སྒོར་མོ་དུང་ཕྱུར་བརྒྱད་ལ་སླེབས་ཡོད།

གནས་སྐོར་བ་རྣམས་ཉིང་ཁྲིའི་ཀླུ་ནང་སྐྱེ་ཁམས་ཡུལ་སྐོར་གྲོང་ཚོའི་ལྟ་སྐོར་རླངས་འཁོར་དུ་བསྡད་ནས་ལྟ་སྐོར་བྱེད་བཞིན་པ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ། |