ཁོར་ཡུག་སྲུང་སྐྱོབ་པུའུ་ཡི2010ལོའི་ཏང་ཙུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་དང་ལོ་དཀྱིལ་གྱི་བྱ་བ་སྤྱི་སྡོམ་དང་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་ད་ལོར་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་གནང་བའི་མཛུབ་སྟོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ད་ལོའི་ལོ་སྟོད་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པར་མ་ཟད། ལོ་སྨད་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་ཀྲིག་ཧྲིན་ཞན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྐབས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྙིང་སྟོབས་ཆེར་བསྐྱེད་དང་ངོས་འཛིན་གཅིག་གྱུར་བྱེད་པ། ཀུན་སྤྱོད་ལེགས་བཅོས་དང་དངོས་འབེབ་དམ་འཛིན་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་བཙོག་ཆུ་ཉུང་འདོན་གྱི་ལས་འགན་དང་བྱ་བ་གཙོ་བོ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མགོ་བཟང་བོ་ཞིག་ཚུགས་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།
ལོ་ཙཱ་བ། ཞའོ་ཡན། |