རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན་བཀྲམས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་གཙོ་བོའི་ལས་འགན་བགོ་ཐབས་ཞེས་པའི་ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་གཙོ་བོའི་ལས་འགན་གསལ་བོར་བགོས་ཡོད།
ཀྲུང་གོ་སྲིད་གཞུང་དྲ་བའི་སྟེང་བཀོད་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་གཙོ་བོའི་ལས་འགན་བགོ་ཐབསཞེས་པའི་ནང་དོན་ལྟར་ན། རང་རྒྱལ་གྱིས་གནས་སྐོར་ལས་རིགས་བཅོས་སྒྱུར་སྒོ་འབྱེད་ཟབ་མོ་བྱེད་པ་དང་། གནས་སྐོར་ཁྲོམ་ར་ཇེ་ཡངས་སུ་གཏོང་བ། ལས་རིགས་དང་ས་ཁུལ་གྱི་བཀག་རྒྱ་སེལ་བ། ཞིབ་མཆན་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་མ་རྩ་དྲང་བདེན་ངང་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་པར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ཀྱིས་ཁྲིམས་ལྟར་གནས་སྐོར་ཐོན་ལས་ཐད་མ་དངུལ་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན་ལ། རྒྱལ་དབང་གནས་སྐོར་ཁེ་ལས་བཅོས་སྒྱུར་བྱེད་པ་དང་། དམངས་གཉེར་དང་གནས་སྐོར་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་ལས་རིགས་དང་ས་ཁུལ་ལས་བརྒལ་བར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། འགྲན་རྩོད་ཀྱི་ནུས་ཤུགས་ཆེ་བའི་གནས་སྐོར་ཁེ་ལས་སྡེ་ཚོགས་ཆེན་པོ་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ་རེད།
ལོ་ཙཱ་བ། ཕྱུག་ལོ། |