|

བདུན་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཉིས་སྟོང་བཅུ་ལོའི་
ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་ན་གཞོན་ལོ་ཆུང་གི་ཀྲུང་གོའི་གཉེན་ཉེ་བཙལ་བའི་བྱ་འགུལ་སྤེལ་བའི་
མཛད་སྒོར་ཞུགས་པར་མ་ཟད་ཀྲུང་གོའི་གཉེན་ཉེ་བཙལ་མཁན་གྱི་འཐུས་མི་ལ་གཉེན་ཉེ་བཙལ་བའི་གོས་དར་གནང་།
འཛམ་གླིང་གི་རྒྱལ་ཁབ་ང་གཅིག་དང་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་ཀྲུང་གོའི་ན་གཞོན་ལོ་ཆུང་སྟོང་དྲུག་ལྷག་ཚེས་ཉེར་ལྔ་ཉིན་པེ་ཅིན་ལ་འཛོམས་ནས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པའི་ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་ན་གཞོན་ལོ་ཆུང་གི་ཀྲུང་གོའི་གཉེན་ཉེ་བཙལ་བའི་བྱ་འགུལ་ལ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གཉེན་ཉེ་བཙལ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད་གཉེན་ཉེ་བཙལ་མཁན་གྱི་འཐུས་མི་ལ་གོས་དར་གནང་།
གཉེན་ཉེ་བཙལ་བའི་བྱ་འགུལ་སྤེལ་བའི་མཛད་སྒོའི་སྟེང་ཞི་ཅིན་ཕེན་གྱིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་གླིང་ཆེན་ལྔ་ནས་ཡོང་བའི་ཀྲུང་གོའི་ན་གཞོན་ལོ་ཆུང་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོང་གིས་གསུང་རྒྱུར། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ན་གཞོན་ལོ་ཆུང་རྣམས་ནི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བའི་སྤྱི་ཚོགས་ཀྱི་མ་འོངས་པ་དང་རེ་བ་ཡིན་ལ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ན་གཞོན་ལོ་ཆུང་རྣམས་ཀྱིས་མེས་པོ་རྣམས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཕུལ་བྱུང་གྲུབ་འབྲས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་འཛམ་གླིང་གི་དཔལ་ཡོན་མཉམ་དུ་ཡར་ཐོན་ཡོང་བའི་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ། |