ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་ཁུལ་གྱི་དབང་བོ་སྐྱོན་ཅན་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཚེས་ཉེར་བཞིའི་ཉིན་ཟི་ལིང་ནས་བསྡུས། རེབ་དེའི་གསོ་སྦྱོང་འཛིན་གྲྭ་དེ་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པ་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་གཙང་ལེན་བྱས་ནས་སྒྲུབ་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་འགན་ཁུར་མི་སྣ་གསོ་སྦྱོང་འཛིན་གྲྭར་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་མང་བོའི་རིང་ལ། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཆེད་དོན་མི་འདྲ་བའི་གསོ་སྦྱོང་འཛིན་གྲྭ་བཞི་ཅུ་ལྷག་སྒྲུབ་པ་རེད། གཙོ་བོ་ཀྲུང་གོའི་ཕྱོགས་ཀྱི་དབང་བོ་སྐྱོན་ཅན་རྩ་འཛུགས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ནང་སྒོས་སུ་ཀྲུང་གོ་ཕྱོགས་ཀྱི་སྡོད་ཁུལ་དང་ཞིང་སྡེའི་གཞི་རིམ་གྱི་དབང་བོ་སྐྱོན་ཅན་གྱི་རྩ་འཛུགས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ་དེ་རེད། མཉམ་ལས་ལས་གཞི་དེ་ཉིས་སྟོང་གཅིག་ལོ་ནས་བཟུང་སྟེ་མགོ་བརྩམས་ནས་ད་ལྟའི་བར་དུ་ལག་བསྟར་བྱས་པ་རེད།
ལོ་ཙཱ་བ། བདེ་སྐྱིད་འཚོ། |