དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ལིས་ཁྲང་ཁྲོན་གྱིས་འཇར་པན་གྱི་མགྲོན་པོར་མཇལ་འཕྲད་གནང་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས19ཉིན།    


ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆན་
ཞོན་ཧྲི་ཏཱ་ཙོང་ཅང་ཚོགས་གཙོ་ཡིན་པའི་འཇར་པན་ཇའི་རིག་གནས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོར་མཇལ་འཕྲད་གནང་།

 

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆན་ཞོན་ཧྲི་ཏཱ་ཙོང་ཅང་ཚོགས་གཙོ་ཡིན་པའི་འཇར་པན་ཇའི་རིག་གནས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོར་མཇལ་འཕྲད་གནང་།
    ལིས་ཁྲང་ཁྲོན་གྱིས་རིག་གནས་བརྗེ་རེས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་དང་།  ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུར་གྱུར་ཡོད་ཅེས་གསུངས།  ཁོང་གིས་འཇར་པན་གྱི་ཇའི་རིག་གནས་ལས་རིགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་དང་རིག་གནས་བརྗེ་རེས་དང་།  ཁྱད་པར་དུ་ཇའི་རིག་གནས་བརྗེ་རེས་ཐད་འབད་འབུངས་བྱས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་འཇར་པན་གྱི་ཇའི་ལས་རིགས་གཉེར་མཁན་གྱིས་ཡང་འབད་བསྐྱར་འབད་བྱེད་པ་དང་། ཇའི་རིག་གནས་བརྗེ་རེས་བརྒྱུད་དེ། ཀྲུང་གོ་དང་འཇར་པན་གྱི་དམངས་ཁྲོད་དང་རིག་གནས་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་དགོས་ཞེས་གསུངས།
   ཆན་ཞོན་ཧྲི་ཏཱ་ཙུང་ཅང་གིས་འཇར་པན་གྱི་ཇའི་ལས་རིགས་གཉེར་མཁན་གྱིས་ཀྲུང་གོའི་ལས་རིགས་སོ་སོའི་ཤེས་ལྡན་པའི་བར་གྱི་བརྗེ་རེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། འཇར་པན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།

ལོ་ཙཱ་བ། ཕྱུག་ལོ་དང་བསོད་ནམས་ཚེ་རིང་། 

  འབྲེལ་ཡོད་དྲ་སྦྲེལ།
ཙུང་ལི་ཝུན་ཅ་པའོ་ཡིས་ཨན་ཧོས་ཞིང་ཆེན་ཧོའེ་ཧི་ཆུ་བོའི་[07-26]
ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན།[07-26]
ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་[07-26]
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་དུ་འགྲོ་སོང་སྒོར་མོ་བྱེ་བ་གསུམ་[07-26]
ཝུན་ཅ་པོ་ཡིས་ཧུའུ་པེ་ཞིང་ཆེན་དུ་ཆུ་འགོག་[07-25]
ཝུན་ཅ་པའོ་ཡིས་གློག་འཕྲིན་བཏང་ནས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་[07-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)