རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚམས་འདྲིར་ཡོང་བའི་སེ་ཨར་ཝེ་ཡཱ་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་པུའུ་ལཱ་ཏིས་ཆི་སོགས་ལ་ཐུག་འཕྲད་བྱས།
ལིག་ཡན་ཏུང་གིས་པུའུ་ལཱ་ཏིས་ཆི་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་སེ་ཨར་ཝེ་ཡཱའི་རིག་གནས་དུས་ཆེན་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཁོ་མོས་ཀྲུང་གོ་དང་སེ་ཨར་ཝེ་ཡཱ་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱལ་ཁབ་ཡིན་པ་དང་། ན་ནིང་རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དེས་ཀྲུང་གོ་དང་སེ་ཨར་ཝེ་ཡཱའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། རིག་གནས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བརྩེ་སེམས་གཅིག་ཏུ་སྦྲེལ་བྱེད་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། |