ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་མི་དམངས་ཚོགས་ཁང་
ཆེན་མོའི་ནང་སྐུ་ཞབས་རོ་ཡུན་ཆི་ཡིས་ཁྲིེད་པའི་ཐེ་ཝན་དམངས་སེམས་འཐུས་མིའི་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་མི་དམངས་ཚོགས་ཁང་
ཆེན་མོའི་ནང་སྐུ་ཞབས་རོ་ཡུན་ཆི་ཡིས་ཁྲིེད་པའི་ཐེ་ཝན་དམངས་སེམས་འཐུས་མིའི་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐུ་ཞབས་རོ་ཡུན་ཆི་ཡིས་ཁྲིེད་པའི་ཐེ་ཝན་དམངས་སེམས་འཐུས་མིའི་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།
ཅ་ཆིན་ལིན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་འབད་བརྩོན་བྱས་འོག འདས་པའི་ལོ་གཅིག་གི་ནང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཞིང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་ཁེ་ཕན་བཟང་བོ་སྐྲུན། མཚོ་འགག་འགྲམ་གཉིས་ཀྱིས་འདྲ་མཉམ་གྲོས་མོལ་དང་གཉིས་ཕན་མཉམ་ལས་ལ་ཡིད་འཐད་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དེ་སྔར་ལས་ལྷག་པའི་སྒོ་ནས་ཐེ་ཝན་དམངས་སེམས་ཀྱི་རྒྱུན་གཙོ་བོ་ཞིག་ཏུ་གྱུར་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཡོངས་ཁྱབ་ཀྱི་ཐུན་མོང་གི་ལྟ་བ་ཞིག་ཏུ་གྱུར་ཡོད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ལས་དོན་ཞིག་ཡིན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་འཕེལ་རྒྱས་ལེགས་བཅོས་བྱེད་པའི་རྣམ་པ་བཟང་བོ་སྲུང་འཛིན་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། |