དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བུད་
མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཁག་
གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས18ཉིན།    

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚེས་བཅུ་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཉིན་དེ་ནས་བཟུང་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་། བུའུ་པང་གོ་ཡིས་གསུངས་རྒྱུར། ཁྲིམས་ལྟར་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དངོས་འབེབས་བྱེད་པ་ནི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ད་ཐེངས་བུད་མེད་ཀྱི་འགན་སྲུང་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་སྐབས་རིམ་པ་སོ་སོའི་བུད་མེད་ཀྱིས་བཏོན་པའི་རེ་བ་སྣ་ཚོགས་ལ་ཡིད་འཇོག་ཆེན་པོ་བྱས་ཏེ། བུད་མེད་འཕེལ་རྒྱས་དང་ཁེ་དབང་འགན་སྲུང་ལ་ཚོད་འཛིན་བྱེད་པའི་གནད་དོན་གཙོ་བོ་ཐག་བཅད་ནས།   བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར། 

   ཚོགས་ཐོག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བས་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། དམངས་སྲིད་པུའུ་དང་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་སོགས་ཀྱིས་ཡིག་ཐོག་གི་བྱ་བའི་ཡར་ཞུ་ཕུལ།

   བཀོད་སྒྲིག་ལྟར་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཁག་དེ་ཚན་ཆུང་དྲུག་ཏུ་བགར་ནས་ཟླ་གསུམ་པ་དང་ཟླ་བཞི་བའི་ནང་ཐེན་ཅིན་དང་ཅི་ལིན། ཧྲན་ཏུང་། ཨན་ཧོས། ཀོང་ཞི། ཧྲན་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དྲུག་ལ་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པར་འགྲོ་རྒྱུ་རེད།

ལོ་ཙཱ་བ།   བཀྲ་ཤིས་འབུམ། 

  འབྲེལ་ཡོད་དྲ་སྦྲེལ།
ཙུང་ལི་ཝུན་ཅ་པའོ་ཡིས་ཨན་ཧོས་ཞིང་ཆེན་ཧོའེ་ཧི་ཆུ་བོའི་[07-26]
ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན།[07-26]
ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་[07-26]
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་དུ་འགྲོ་སོང་སྒོར་མོ་བྱེ་བ་གསུམ་[07-26]
ཝུན་ཅ་པོ་ཡིས་ཧུའུ་པེ་ཞིང་ཆེན་དུ་ཆུ་འགོག་[07-25]
ཝུན་ཅ་པའོ་ཡིས་གློག་འཕྲིན་བཏང་ནས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་[07-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)