
ཟླ3པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་
ཀྲུའུ་ཞི་ལན་ཏི་བོ་དབྱི་ཡིས་ཁྲིད་པའི་ཧང་ག་རི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་ཚེས་བཅུ་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ལན་ཏི་བོ་དབྱི་ཡིས་ཁྲིད་པའི་ཧང་ག་རི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིས་ཁྲང་ཁྲོན་གྱིས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བར་གདེང་འཇོག་གང་ལེགས་མཛད། ཁོང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་དྲུག་ཅུ་ལྷག་འགོར་བའི་རིང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་ནམ་ཡིན་ཡང་དངོས་གཉེར་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་པས་ཡུན་རིང་པོར་གོང་འཕེལ་བྱུང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་འབད་བརྩོན་འོག ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་། དཔལ་འབྱོར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། མིའི་རིགས་རིག་གནས་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་པོ་བྱས་པས། ཀྲུང་གོ་དང་ཧང་ག་རིའི་མཛའ་བརྩེ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་ཅེས་གསུངས།
ལིས་ཁྲང་ཁྲོན་གྱིས་དེང་སྐབས་ཀྱི་གནས་བབ་འོག ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་འཕྲད་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་སྲ་བརྟན་དང་གོང་འཕེལ་དུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་མཐུན་མཉམ་ལས་ལ་ཡང་ཕན་པ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་དང་ཕྱོགས་སོ་སོས་འགྲོ་འོང་དང་བརྗེ་རེས་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་ཞིང་། ཀྲུང་གོ་དང་ཧང་ག་རིའི་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས།
མཇལ་འཕྲད་གནང་རྗེས། ལིས་ཁྲང་ཁྲོན་དང་ལན་ཏི་བོ་དབྱི་གཉིས་མཉམ་དུ་ཏང་གཉིས་ཀྱིས་མཉམ་ལས་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས།
ལོ་ཙཱ་བ། ཕྱུག་ལོ། |