ཟླ3པའི་ཚེས16ཉིན། བློ་མཐུན་ཏོན་ཅུན་དབྱི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་བཞུགས་མོལ་ཚོགས་འདུ་ལ་ཞུགས།

འདི་ནི་བཞུགས་མོལ་ཚོགས་འདུའི་རྗེས་སུ་ཞི་ཅིན་ཕེན་གྱིས་བློ་མཐུན་ཏོན་ཅུན་དབྱི་ཡི་ལྕམ་མོ་ཁྲིན་ཡ་ཆི་ལ་ཕྱག་འཇུ་གནང་བའི་ཚུལ་རེད།
བློ་མཐུན་ཏོན་ཅུན་དབྱི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་བཞུགས་མོལ་ཚོགས་འདུ་ལ་ཞུགས།
བློ་མཐུན་ཏོན་ཅུན་དབྱི་ནི་ཀྲུང་གོ་གུང་ཁྲན་ཏུང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་གཞུང་དྲང་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། ང་ཚོའི་ཏང་གི་ཆབ་སྲིད་བྱ་བའི་ཁྱད་དུ་འཕགས་པའི་མགོ་ཁྲིད་པ་བཅས་ཡིན་ལ། ཀྲུང་གུང་སྐབས་བཅུ་བ་དང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་བློ་འདོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཡིན་ཞིང་། འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་པུའུ་ཀྲང་དང་ལྕགས་ལམ་པུའུ་ཡི་པུའུ་ཀྲང་། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་སོགས་ཀྱི་འགན་འཁུར་མྱོང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཆི་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། ཁོས་ང་ཚོས་བློ་མཐུན་ཏོན་ཅུན་དབྱི་ཡི་ཉམས་པ་མེད་པ་དང་ཏང་ལ་བློ་དཀར་བའི་འགྱུར་མེད་ཡིད་ཆེས་དང་། ཁོང་གི་བདེན་ལུགས་རྒྱུན་འཁྱོངས་དང་དངོས་ཐོག་བདེན་འཚོལ་གྱི་གསར་བརྗེའི་སྙིང་སྟོབས། ཁོང་གི་ཡོད་ཚད་བློས་གཏོང་ཕོད་པའི་བླ་མེད་གོམས་གཤིས། ཁོང་གི་དཀའ་ངལ་གདོང་གིས་བསུ་བའི་བྱ་བའི་ཀུན་སྤྱོད་བཅས་ལ་སློབ་སྦྱོང་བྱེད་དགོས་ཞེས་བཤད།
ལོ་ཙཱ་བ། ཕྱུག་ལོ། |