དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཝུན་ཅ་པའོ་ཡིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་
མེ་ལེ་པན་ཏི་ལ་མཇལ་འཕྲད་གནང་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས17ཉིན།    


ཟླ3པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་མེ་ལེ་པན་ཏི་ལ་མཇལ་འཕྲད་གནང་།

 

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་མེ་ལེ་པན་ཏི་ལ་མཇལ་འཕྲད་གནང་། 
    ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོས་མོལ་གྱི་རིམ་པ་ཇེ་མཐོར་གཏོང་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་དབྱིན་ཇིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་དང་བདེ་བླག  བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཝུན་ཅ་པའོ་ཡིས་ཀྲུང་གོས་དབྱིན་ཇི་སོགས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་མ་དངུལ་གཏོང་དུ་ཡོང་བར་དགའ་བསུ་ཞུ་བར་མ་ཟད། ཁོ་ཚོར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་དགོས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ལྷད་མེད་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་དོགས་ཟོན་དང་ངོ་རྒོལ་བྱེད་དགོས་ཞེས་ནན་གྱིས་གསུངས།
   མེ་ལེ་པན་ཏི་ཡིས་དབྱིན་ཇིས་དབྱིན་ཇི་དང་ཀྲུང་གོའི་འཐབ་ཇུས་གྲོས་མོལ་བརྒྱུད་དེ། ཐུན་མོང་གི་ལྟ་བ་འཚོལ་ཞིབ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། དབྱིན་ཇིས་ཀྲུང་གོའི་ཁྲོམ་རར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དབྱིན་ཇིའི་ཁེ་ལས་སྔར་ལས་མང་པོས་ཀྲུང་གོར་མ་དངུལ་སྔར་ལས་མང་པོ་གཏོང་འདོད་ཡོད་ཅེས་བཤད།

ལོ་ཙཱ་བ། ཕྱུག་ལོ།

  འབྲེལ་ཡོད་དྲ་སྦྲེལ།
ཙུང་ལི་ཝུན་ཅ་པའོ་ཡིས་ཨན་ཧོས་ཞིང་ཆེན་ཧོའེ་ཧི་ཆུ་བོའི་[07-26]
ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན།[07-26]
ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་[07-26]
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་དུ་འགྲོ་སོང་སྒོར་མོ་བྱེ་བ་གསུམ་[07-26]
ཝུན་ཅ་པོ་ཡིས་ཧུའུ་པེ་ཞིང་ཆེན་དུ་ཆུ་འགོག་[07-25]
ཝུན་ཅ་པའོ་ཡིས་གློག་འཕྲིན་བཏང་ནས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་[07-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)