པར་འདི་ནི། ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་
ཚོགས་ཆེན་གཉིས་ཀྱི་གསར་འགྱུར་བསྒྲགས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་མཛད་བཞིན་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་བསྒྲགས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་མཛད་དེ། ཚོགས་ཆེན་གཉིས་ཀྱི་གནས་ཚུལ་བསྒྲགས་པའི་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།
ཉིན་དེའི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་རྗེས། ཅ་ཆིན་ལིན་མི་དམངས་ཚོགས་ཁང་ཆེན་མོའི་ཁེར་ཐོག་གི་ཞིན་ཧྭ་ཁང་གསར་འགྱུར་ཁང་གི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ། གནས་དེ་ནས་བྲེལ་འཚུབ་ངང་བྱ་བ་སྒྲུབ་བཞིན་པའི་རྩོམ་སྒྲིག་པ་དང་། ལག་རྩལ་པ་རྣམས་ཀྱི་ལག་པ་འཇུས་ནས་ཚང་མར་བྱམས་བརྩེའི་ངང་འཚམས་འདྲི་མཛད །
ཅ་ཆིན་ལིན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་བསྒྲགས་པའི་རྒྱང་བསྒྲགས་དང་། ཚགས་པར། དྲ་རྒྱ། བརྙན་འཕྲིན་སོགས་བརྒྱུད་ནས་བསྒྲགས་པའི་གནས་ཚུལ་ལ་ཞིབ་འདྲི་མཛད། ཞིན་ཧྭ་གསར་འགྱུར་ཁང་གིས་འབྲེལ་ཡོད་ཚོགས་ཆེན་གཉིས་ཀྱི་ཡི་གེ་དང་། འདྲ་པར། བརྙན་འཕྲིན་གྱི་ཟིན་བྲིས་སྟོང་དྲུག་ལྷག་བཏང་ཚར་སོང་བ་མཐོས་རྗེས་ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེས།
སྔ་གཞུག་ཏུ་ཅ་ཆིན་ལིན་སོགས་ཡང་བྱམས་བརྩེའི་ངང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བྱ་བ་སྒྲུབ་བཞིན་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྒྱུད་གཏོང་ཁང་གི་ལས་བྱེད་མི་སྣ་དང་། དེ་མིན་ཞིན་ཧྭ་གསར་འགྱུར་དྲ་རྒྱ་དང་། མི་དམངས་དྲ་རྒྱ། ཀྲུང་གོ་རྒྱང་སྒྲོག་དྲ་རྒྱ། གསར་འགྱུར་དྲ་ཚིགས་བཅས་ཀྱི་བློ་མཐུན་རྣམས་ལ་བྱམས་བརྩེའི་ངང་འཚམས་འདྲི་མཛད། ཁོང་གིས་ཀྲུང་དབྱང་གསར་འགྱུར་ལས་རིགས་ཀྱིས་སྲིད་གྲོས་ཀྱི་གྲོས་ཚོགས་ཀྱི་གསར་འགྱུར་བསྒྲགས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཚང་མས་ཡང་ནས་ཡང་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་ཕྱི་ནང་ལ་སྲིད་གྲོས་ཨུ་ཡོན་སྲིད་ཞུགས་སྲིད་གྲོས་དང་། ལང་ལོང་གིས་བློ་འདོན་ཇུས་འབུལ་བྱས་བའི་གྲུབ་འབྲས་བསྒྲགས་ཏེ། མི་དམངས་སྲིད་གྲོས་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ནུས་བ་གལ་ཆེན་དེ་བསྒྲག་དགོས་བའི་རེ་བ་བཏོན།
ལོ་ཙཱ་བ། བདེ་སྐྱིད་འཚོ། |