ཟླ་གཅུམ་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་
ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་ཚོགས་ཆེན་གཉིས་ཀྱི་གསར་འགོད་པ་རྣམས་ལ་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད། ཚོགས་ཆེན་གཉིས་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་དང་བཀའ་དྲིན་ཆེས་ཞུས།
ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་བ་གྲོལ་རྗེས། བུའུ་པང་གོ་ཞིན་ཧྭ་གསར་འགྱུར་ཁང་གི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ལ་ཕེབས་ཏེ་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་ཕྱག་འཇུ་བྱས་པར་མ་ཟད། ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་གནས་ཚུལ་རྒྱུས་ལོན་མཛད། ཁོང་གིས་གསར་འགྱུར་ལས་ཁུངས་ཀྱིས་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དུས་ལྟར་ཕྱོགས་ཡོངས་ནས་བསྒྲགས་པར་བཀའ་དྲིན་ཆེས་ཞུ་བའི་ཐུགས་དགོངས་བསྟན་པར་མ་ཟད། གསར་འགྱུར་ལས་ཁུངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་དམངས་གཙོ་ཁྲིམས་ལུགས་ཀྱི་དྲིལ་སྒྲོག་བྱ་བ་སྔར་ལས་གཙིགས་སུ་བཟུང་ནས། སྤྱི་ཚོགས་ཡོངས་ལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་རྒྱུས་ལོན་བྱེད་དུ་འཇུག་པ་དང་རང་རྟོགས་སྒོས་རྒྱུན་འཁྱོངས་བྱེད་དུ་འཇུག་དགོས་པའི་ཐུགས་རེ་བཏོན།
ལོ་ཙཱ་བ། བཀྲ་ཤིས་འབུམ། |