དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས14ཉིན།    


ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་མི་དམངས་
ཚོགས་ཁང་ཆེན་མོའི་ནང་གྲོལ། ཧུའུ་ཅིན་ཐའོ་དང་བུའུ་པང་གོ། བུན་ཅ་པའོ། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་སོགས་གྲོས་ཚོགས་ལ་ཞུགས།

      རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས།  ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།  གྲོས་ཚོགས་ནས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཟབ་ཞུགས་ལས་ཁུངས་སོ་སོ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་།  ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱེད་པ།  ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབ་བྱས་ཏེ།  འགན་ཁུར་ཕོད་པའི་བློ་སྤོབས་ཀྱིས་གཟི་བརྗིད་ལས་འགན་ཕྲག་ཏུ་ཁུར་བ་དང་།  མཐུན་སྒྲིལ་གཅིག་གྱུར་གྱི་སྙིང་སྟོབས་ཀྱིས་མདུན་བསྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།  འབད་འཐབ་ཀྱི་བརྩོན་སེམས་ཆེན་མོས་དཀའ་ཚེགས་ཀྱི་ལས་འགན་ཡོངས་འགྲུབ་བྱས་ནས།  བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བའི་ཆེད་དུ་འབད་བརྩོན་བྱེད་དགོས་དགོས་པའི་འབོད་སྐུལ་བཏང་།
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བང་ཀང་དང་།  ལའོ་ཧོས།  ཏུའུ་ཆིན་ལིན།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།  པེ་ལི་ཀྲིན།  ཁྲིན་ཁོས་ཡོན།  ཨ་པུའུ་ལེ་ཐིས་ཨ་པུའུ་ཏུའུ་རི་ཞི་ཐིས།  ལིས་ཀྲའོ་ཀྲོ།  ཧོང་མིན་ཧྥུ།  ཏུང་ཅན་ཧྭ།  ཀྲང་མེ་ཡུན།  ཀྲང་རོང་མེན། ཆན་ཡུང་ལུའུ།  སུང་ཅ་ཀྲིན།  ལིས་ཅིན་ཧྭ།  ཀྲིན་བན་ཐུང་།  ཏུན་ཕུའུ་ཧྥང་།  བན་ཀང་།  ལིན་བུན་ཡེ།  ལེ་བུའུ་ཝེ།  ལོ་ཧྥུ་ཧི།  ཁྲིན་ཙུང་ཞིན།  བང་ཀྲི་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
   ཧུའུ་ཅིན་ཐའོ་དང་བུའུ་པང་གོ།  ཝུན་ཅ་པའོ།  ལིས་ཁྲང་ཁྲོན།  ཞི་ཅིན་ཕེན།  ལིས་ཁི་ཆང་།  ཧི་གོ་ཆང་།  ཀྲིག་ཡུང་ཁང་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།
   གྲོས་ཚོགས་གྲོལ་བའི་མཛད་སྒོ་དེ་སྔ་དྲོའི་དུས་ཚོད་དགུའི་སྟེང་མགོ་བརྩམས་པ་དང་།  ཚོགས་ཐོག་ནས་ཨུ་ཡོན་རྣམས་ཀྱིས་བརྡས་ཐག་གཅོད་པའི་གློག་རྡུལ་འཕྲུལ་ཆས་བཀོལ་ནས་བརྡས་ཐག་གཅོད་པའི་ཐབས་ལ་བརྟེན་ནས།  ཧི་ཧིག་ཧྭ་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་།  དེའི་རྗེས་སུ་ཅ་ཆིན་ལིན་གྱིས་ཧི་ཧིག་ཧྭ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་སུ་བཅུག
   གྲོས་ཚོགས་ནས་ད་རུང་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་།  སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་ཞིབ་དཔྱད་གནས་ཚུལ་སྐོར་གྱི་སྙན་ཞུ།  སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
    ཅ་ཆིན་ལིན་གྱིས་གསུང་བཤད་གནང་བ་དང་།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཟུར་ཞུགས་བྱས།  ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་གདན་ཞུས་ལྟར་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཟུར་ཉན་བྱས།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

  འབྲེལ་ཡོད་དྲ་སྦྲེལ།
ཙུང་ལི་ཝུན་ཅ་པའོ་ཡིས་ཨན་ཧོས་ཞིང་ཆེན་ཧོའེ་ཧི་ཆུ་བོའི་[07-26]
ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན།[07-26]
ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་[07-26]
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་དུ་འགྲོ་སོང་སྒོར་མོ་བྱེ་བ་གསུམ་[07-26]
ཝུན་ཅ་པོ་ཡིས་ཧུའུ་པེ་ཞིང་ཆེན་དུ་ཆུ་འགོག་[07-25]
ཝུན་ཅ་པའོ་ཡིས་གློག་འཕྲིན་བཏང་ནས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་[07-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)