
ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་
ཐེངས་གསུམ་པའི་ཁྲུང་ཆིན་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་རྣམས་དང་མཉམ་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་མཛད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཁྲུང་ཆིན་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་རྣམས་དང་མཉམ་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་མཛད། ཀྲིག་ཡུང་ཁང་གིས་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་དམངས་ཀྱི་རེ་བར་ནན་གྱིས་ཉན་པ་དང་རང་འགུལ་གྱིས་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱས་ཏེ། ཁྲིམས་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།
འཐུས་མི་རྣམས་ཀྱིས་གཏམ་བཤད་པར་གསན་རྗེས། ཀྲིག་ཡུང་ཁང་གིས་གསུང་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ལས་དངོས་ཐོག་བདེན་འཚོལ་སྒོས་ན་ནིང་གི་བྱ་བ་སྤྱི་སྡོམ་བྱས་ཡོད་པ་དང་། གནས་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པར་མ་ཟད། ད་ལོའི་བྱ་བའི་བཀོད་སྒྲིག་དེ་ཀྲུང་དབྱང་གི་རེ་བ་དང་མི་དམངས་ཀྱི་འདོད་བློ་ལ་མཐུན་པས་ང་རང་ཉིད་ཧ་ཅང་འཐད་པ་ཡིན། ལོ་གཅིག་གི་རིང་ལ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་འཕར་སྣོན་དང་མང་ཚོགས་ཀྱི་འཚོ་བ། བརྟན་འཇགས་བཅས་ལ་ཁག་ཐེག་བྱེད་པའི་རེ་བར་དམིགས་ནས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།
ལོ་ཙཱ་བ། ཕྱུག་ལོ། |