རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལས་བཟོ་བའི་ཡོང་འབབ་བགོ་བཤའི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་ཞིང་སའི་བེད་སྤྱོད་དབང་ཆ་བརྒྱུད་སྤྲོད་བྱེད་པ། ལས་རིགས་སློབ་གསོའི་ཚན་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ཚོགས་ཐོག་ནས་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྲོས་ཚོགས་ལ་ཞུགས།
ཉིན་དེའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལའོ་ཧོས་དང་ཨ་པུའུ་ལེ་ཐིས་ཨ་པུའུ་ཏུའུ་རི་ཞི་ཐིས། ཀྲང་མེ་ཡུན། སུང་ཅ་ཀྲིན། ལིས་ཅིན་ཧྭ། ཀྲིན་བན་ཐུང་། ཁྲིན་ཙུང་ཞིན་བཅས་ཡིན་ལ། སུང་ཅ་ཀྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་ལ་ཉན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། |