དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་
ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས10ཉིན།    

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།

   ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ།  ཅ་ཆིན་ལིན།  ལིས་ཁྲང་ཁྲུང་།  ཞི་ཅིན་ཕེན།  ལིས་ཁི་ཆང་།  ཧི་གོ་ཆང་།  ཀྲིག་ཡུང་ཁང་བཅས་གྲོས་ཚོགས་ལ་ཞུགས། 

   ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ལག་བསྟར་ཀྲུའུ་ཞི་བང་ཀྲའོ་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

   བུའུ་པང་གོ་ཡིས་སྙན་ཞུའི་ནང་གསུང་དོན།  འདས་ཟིན་པའི་ལོ་གཅིག་གི་རིང་ལ།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་།  ཏུན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ།  ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབ་བྱེད་པ་དང་།  ཏང་གི་མགོ་ཁྲིད་དང་དམངས་ཀྱིས་བདག་པོ་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལྟར།  ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་སྲིད་འཛིན་པའི་འགན་དབང་ལག་བསྟར་བྱས་པས་བྱ་བ་སོ་སོར་གྲུབ་འབྲས་གསར་བ་ཐོབ།  ལོ་གཅིག་གི་རིང་ལ།  བསྡོམས་པས་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ཉེར་གཉིས་ཀྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་།  གནད་དོན་བཅུ་བཞི་ལ་གྲོས་འཆམ་བྱུང་།  གྲོས་ཆོད་གཉིས་བཏོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུ་བཅུ་བཞི་ལ་གྲོས་ཞིབ་བྱས་པ་དང་།  ཆེད་དོན་རྟོག་ཞིབ་སྙན་ཞུ་གཅིག་དང་རྗེས་འདེད་ཞིབ་བཤེར་སྙན་ཞུ་གཅིག་ལ་གྲོས་ཞིབ་བྱས།  བཅའ་ཁྲིམས་གསུམ་གྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད།  འཐུས་མིའི་གྲོས་གཞི་ལྔ་བརྒྱ་དང་བཅོ་བརྒྱད་ཐག་གཅོད་བྱས་པ་དང་།  རང་རྒྱལ་དང་ཕྱི་རྒྱལ་གྱིས་བཞག་པའི་ཆིངས་ཡིག་དང་གྲོས་ཆོད།  དེ་མིན་ཟབ་ཞུགས་བྱས་པའི་རྒྱལ་སྤྱིའི་སྤྱི་ཆིངས་བདུན་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།  རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་མི་སྣ་སྐོར་ཞིག་གི་བསྐོ་འཇོག་འགན་ལེན་ཐག་གཅོད་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་བཞག་ཅེས་གསུངས།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

  འབྲེལ་ཡོད་དྲ་སྦྲེལ།
ཙུང་ལི་ཝུན་ཅ་པའོ་ཡིས་ཨན་ཧོས་ཞིང་ཆེན་ཧོའེ་ཧི་ཆུ་བོའི་[07-26]
ཉིས་སྟོང་བཅུ་ལོའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཞང་ཀང་དང་ཨོ་མིན།[07-26]
ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་སྐབས་བཞི་བའི་རྒྱལ་ཡོངས་ཞིང་སྡེ་སྡོད་[07-26]
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་དུ་འགྲོ་སོང་སྒོར་མོ་བྱེ་བ་གསུམ་[07-26]
ཝུན་ཅ་པོ་ཡིས་ཧུའུ་པེ་ཞིང་ཆེན་དུ་ཆུ་འགོག་[07-25]
ཝུན་ཅ་པའོ་ཡིས་གློག་འཕྲིན་བཏང་ནས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་[07-25]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)