དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ལིས་ཁི་ཆང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་
གཙོ་བོའི་ཞིབ་སྡུར་འཛིན་གྲྭ་ནས་གསུང་བཤད་གནང་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས6ཉིན།    


ཟླ2པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཀྲུང་དབྱང་གིས་བསྡུས་པའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་
ལས་བྱེད་པ་གཙོ་བོའི་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་སྒྱུར་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

 

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཟླ2པའི་ཚེས5ཉིན་གྱི་སྔ་དྲོར་ཀྲུང་དབྱང་གིས་བསྡུས་པའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་སྒྱུར་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་ནས་གསུང་བཤད་གལ་ཆེན་གནང་།  ཁོང་གིས་གསུང་བཤད་གནང་སྐབས།  རང་རྒྱལ་དེ་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ན་ད་གཟོད་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་ཡར་སྐུལ་གཏོང་བའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད།  ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བྱེད་པ་དང་།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྒྱུར་ཚད་ཇེ་མགྱོགས་སུ་གཏོང་བར་དམིགས་པ་དང་།  དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་སྒྱུར་བའི་རེ་བ་ལྟར།  དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་དགོས་གཏུག་ཆེ་བའི་བསམ་པ་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་ནས།  རྒྱལ་དམངས་དཔལ་འབྱོར་ཡུན་རིང་དང་བརྟན་འཇགས།  ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ལོ་ཙཱ་བ།  ཀླུ་འབུམ་བྱམས།

  འབྲེལ་ཡོད་དྲ་སྦྲེལ།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བུད་[03-18]
ལིས་ཁྲང་ཁྲོན་གྱིས་ཧང་ག་རི་རྒྱལ་ཁབ་ཀྱི་མག[03-18]
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ«སྲིད་གཞུང་[03-18]
ཧོས་ལིང་ཡུས་པེ་ཅིན་དང་བྲལ་ནས་ཨེ་ཤ་ཡཱའི་[03-18]
ཞི་ཅིན་ཕེན་བློ་མཐུན་ཏོན་ཅུན་དབྱི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་[03-17]
ཝུན་ཅ་པའོ་ཡིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་[03-17]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)