དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
བློ་མཐུན་རྒན་པའི་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་པེ་ཅིན་ནས་ཚོགས་
པ་དང་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས6ཉིན།    

ཟླ2པའི་ཚེས5ཉིན། བློ་མཐུན་རྒན་པའི་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་།


ཚེས་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་དུ་དགའ་སྐྱིད་གཡང་གིས་ཁེངས་ཡོད། པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པ་སྟོང་གཉིས་ལྷག་གདན་
དྲངས་པ་ལྟར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་
བཅས་ཀྱིས་བསྡུས་པའི་པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པའི་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུར་ཞུགས།

 

    ཚེས་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་དུ་དགའ་སྐྱིད་གཡང་གིས་ཁེངས་ཡོད། པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པ་སྟོང་གཉིས་ལྷག་གདན་དྲངས་པ་ལྟར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བསྡུས་པའི་པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པའི་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། ཇ་སྟོན་ཚོགས་འདུར་ཞུགས་པའི་བློ་མཐུན་རྒན་པ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། རྒྱལ་ཡོངས་ཀྱི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས། 
    ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱ་ཆེའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་ནི་ཏང་དང་མི་དམངས་ཀྱི་བྱས་རྗེས་ཆེ་བའི་མི་སྣ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ནོར་བུ་རྩ་ཆེན་ཡིན། ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་རྒན་པ་རྣམས་ལ་ཆབ་སྲིད་ཀྱི་ཐད་ནས་བརྩི་བཀུར་དང་སེམས་ཀྱི་གཏིང་ནས་སེམས་ཁུར། འཚོ་བའི་ཐད་ནས་གཟིགས་སྐྱོང་བཅས་བྱེད་དགོས། སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་དང་ཕན་འབྲས་ཡོད་པའི་སྒོ་ནས་བློ་མཐུན་རྒན་པར་རོགས་སྐྱོར་བྱེད་དགོས་པ་དང་། བློ་མཐུན་རྒན་པའི་ཞབས་ཞུ་དོ་དམ་བྱ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ལེགས་བཅོས་བྱེད་དགོས་ལ། ལྷག་པར་དུ་དཀའ་ངལ་ཆེ་བའི་ས་ཁུལ་དང་དཀའ་ངལ་ཆེ་བའི་ལས་རིགས། དཀའ་ངལ་ཆེ་བའི་ལས་ཁུངས་བཅས་ཀྱི་བློ་མཐུན་རྒན་པར་སྔར་ལས་སེམས་ཁུར་བྱེད་པ་དང་། འཚོ་བར་དཀའ་ངལ་ཆེ་བ་དང་ནད་ལྗིད་མོ་ཕོག་པའི་བློ་མཐུན་རྒན་པར་སྔར་ལས་སེམས་ཁུར་བྱས་ཏེ་ཁོ་ཚོའི་དཀའ་ངལ་སེལ་དགོས་ཟེར།

ལོ་ཙཱ་བ། ཕྱུག་ལོ། 

  འབྲེལ་ཡོད་དྲ་སྦྲེལ།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བུད་[03-18]
ལིས་ཁྲང་ཁྲོན་གྱིས་ཧང་ག་རི་རྒྱལ་ཁབ་ཀྱི་མག[03-18]
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ«སྲིད་གཞུང་[03-18]
ཧོས་ལིང་ཡུས་པེ་ཅིན་དང་བྲལ་ནས་ཨེ་ཤ་ཡཱའི་[03-18]
ཞི་ཅིན་ཕེན་བློ་མཐུན་ཏོན་ཅུན་དབྱི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་[03-17]
ཝུན་ཅ་པའོ་ཡིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་[03-17]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)