
ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན།
བྱ་བའི་ལས་བགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་བྱ་བར་འགན་བཞེས་པ། ཧྲིན་ཀྲང་ལ་ལྟ་ཞིབ་དང་རྩིས་བཤེར། མི་དོན་སྒྲིག་གཞི། ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན། སྤྱི་བདེ་སྲིད་ཁྲིམས། རྒྱལ་ཁབ་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཕྱོགས་ཀྱི་བྱ་བར་འགན་ཁུར་རོགས་མཛད་པ། ཧྲིན་ཀྲང་གི་མངག་བཅོལ་ལྟར་ཞིང་ཆེན་ལྟ་ཞིབ་ཐིན་དང་ཞིང་ཆེན་རྩིས་བཤེར་ཐིན་ལ་ལས་བགོས་འགན་གཉེར་མཛད་པ། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་དང་ཞིང་ཆེན་མི་དོན་ཐིན། ཞིང་ཆེན་སྒྲིག་གཞི་གཞུང་ལས་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་ཐའེ་ཀང་ཨའོ་ལས་དོན་གཞུང་ལས་ཁང་། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་། ཞིང་ཆེན་སྲིད་གཞུང་ཚན་ཧྲི་ཁང་། ཞིང་ཆེན་ཡིག་སྐུར་ངོ་གཏུག་ཅུའུ། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་ལས་ཁང་། ཞིང་ཆེན་སྐུད་མེད་གློག་དོ་དམ་གཞུང་ལས་ཁང་། ཞིང་ཆེན་ས་གནས་རྣམ་བཤད་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་བཅས་ལ་ལས་བགོས་འགན་གཉེར་མཛད་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། བཅའ་སྡོད་དམག་དཔུང་། ཉེན་རྟོག་དྲག་དཔུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་མང་ཚོགས་ཚོགས་པ་བཅས་ལ་དོན་ཆེན་འབྲེལ་གཏུག་དང་མཐུན་སྦྱོར་གྱི་འགན་བཞེས་པ།
ལོ་རྒྱུས་མདོར་བསྡུས།
ཞོས་ཧྥུ་ཧྲུན། ཕོ། 1958ལོའི་ཟླ10བར་འཁྲུངས། རྒྱ་རིགས། ཧྲན་ཏུང་ལའེ་ཀྲིག་གི་ཡིན། ལའོ་ཉིན་ནོར་སྲིད་དཔལ་འབྱོར་སློབ་གླིང་གཞི་རྩའི་འཛུགས་སྐྲུན་དཔལ་འབྱོར་སྡེ་ཁག་ནས་མཐར་ཕྱིན་ཅིང་། སློབ་གྲྭ་ཆེན་མོའི་སློབ་ལོ་བརྒྱུད་རིམ་ལྡན་པ་དང་མཐོ་རིམ་རྩིས་བཤེར་པ་ཡིན། 1984ལོའི་ཟླ9པར་བྱ་བར་ཞུགས་པ་དང་། 1987ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྲིན་ཀྲང་གཞོན་པའི་འགན་བཞེས་ཡོད།
1984ལོའི་ཟླ9བ་ནས1988ལོའི་ཟླ9བའི་བར་ཉིང་རྡུང་བཟོ་ལས་པུའུ་རྩིས་བཤེར་ཁང་གི་ལྟ་སྦྱོང་པ་དང་དོན་སྒྲུབ་མཁན། ཁའོ་ཡོན། ཀྲུའུ་རིན་ཁའོ་ཡོན་གཞོན་པ་བཅས་ཀྱི་འགན་བཞེས།
1988ལོའི་ཟླ9བ་ནས1991ལོའི་ཟླ1པོའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་སྤྱི་ཁྱབ་ཀུང་ཟི་རྩིས་བཤེར་ཁང་གི་ཀྲུའུ་རིན་ཁའོ་ཡོན་གྱི་འགན་བཞེས།
1991ལོའི་ཟླ1པོ་ནས1993ལོའི་ཟླ8པའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་སྤྱི་ཁྱབ་ཀུང་ཟི་རྩིས་བཤེར་ཁང་ཕྱོགས་བསྡུས་རྩིས་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།
1993ལོའི་ཟླ8པ་ནས 1994ལོའི་ཟླ11པའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་སྤྱི་ཁྱབ་ཀུང་ཟི་རྩིས་བཤེར་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།(1992ལོའི་ཟླ10བ་ནས1993ལོའི་ཟླ11པའི་བར་ཆིན་ཧྲན་ཉིང་རྡུལ་གློག་ཤུགས་ཀུང་ཟིའི་སྤྱི་གཉེར་པའི་ལས་རོགས་ཀྱི་འགན་ཁུར་བར་སྦྱོང་བརྡར་མཛད། )
1994ལོའི་ཟླ11པ་ནས1998ལོའི་ཟླ3པའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་སྤྱི་ཁྱབ་ཀུང་ཟི་རྩིས་བཤེར་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས། (1995ལོའི་ཟླ10བ་ནས1998ལོའི་ཟླ10བའི་བར་ཉིང་རྡུལ་བཟོ་ལས་བརྒྱད་གཅིག་གཉིས་བཟོ་གྲྭའི་ལྟ་ཞིབ་ཚོགས་པའི་ཀྲུའུ་ཞིའི་འགན་གཅིག་ལྕོག་ཀྱིས་བཞེས། 1997ལོའི་ཟླ3པ་ནས1997ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་མཛད།)
1998ལོའི་ཟླ3པ་ནས1999ལོའི་ཟླ6པའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་སྤྱི་ཁྱབ་ཀུང་ཟི་རྩིས་བཤེར་ཅུའུ་ཡི་ཅུའུ་ཀྲང་ཚབ་མའི་འགན་བཞེས(གཞིའི་ཅུའུ་རིམ་པ)།
1999ལོའི་ཟླ6པ་ནས2001ལོའི་ཟླ1པའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་ཚོགས་པ་ཀུང་ཟིའི་ཏང་ཙུའུ་ཡི་ཁོངས་མི་དང་། ཐད་གཏོགས་ཏང་ཨུའི་ཅིའི་འགན་བཞེས་པའི་ཞོར་དུ་སྤྱི་གཉེར་བའི་ལས་རོགས་པ་དང་དངུལ་འཇོག་བདག་གཉེར་དོ་དམ་པུའུ་ཡི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་ཀྱིས་བཞེས།
2001ལོའི་ཟླ1པོ་ནས2001ལོའི་ཟླ10བའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་ཚོགས་པ་ཀུང་ཟིའི་ཏང་ཙུའུ་ཡི་ཁོངས་མི་དང་། ཐད་གཏོགས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞོར་དུ་སྤྱི་གཉེར་བའི་ལས་རོགས་པ་དང་གཞུང་ལས་ཐིན་གྱི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་ཀྱིས་བཞེས། (2000ལོའི་ཟླ3པ་ནས2001ལོའི་ཟླ11པའི་བར་ཀྲུང་གོ་ཉིལ་རྡུལ་ཅིག་ཨན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་གི་འགན་གཅིག་ལྕོགས་ཀྱིས་བཞེས།2001ལོའི་ཟླ6པ་ནས2001ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཁེ་ལས་ཀྱི་འགོ་ཁྲིད་པ་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་མཛད། )
2001ལོའི་ཟླ10བ་ནས2003ལོའི་ཟླ9བའི་བར་ཀྲུང་གོ་ཉིང་རྡུང་བཟོ་ལས་ཚོགས་པ་ཀུང་ཟིའི་ཏང་ཙུའུ་ཡི་ཁོངས་མི་དང་། ཐད་གཏོགས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞོར་དུ་སྤྱི་གཉེར་བའི་ལས་རོགས་པའི་འགན་གཅིག་ལྕོགས་ཀྱིས་བཞེས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ཧྲིན་ཀྲང་གི་ལས་རོགས་པའི་འགན་ཁུར་བར་སྦྱོང་བརྡར་མཛད།
2003ལོའི་ཟླ9བ་ནས་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ཧྲིན་ཀྲང་གཞོན་པའི་འགན་བཞེས།
2007ལོའི་ཟླ4བ་ནས་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྲིན་ཀྲང་གཞོན་པའི་འགན་བཞེས།
|