
ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན།
བྱ་བའི་ལས་བགོས།
ཧྲིན་ཀྲང་ལ་མི་རིགས་ཆོས་ལུགས་དང་འཕྲོད་བསྟེན། འཆར་ལྡན་བུ་སྐྱེ། ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཕྱོགས་ཀྱི་བྱ་བར་འགན་ཁུར་རོགས་མཛད་པ། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང(ཞིང་ཆེན་ཆོས་ལུགས་དོན་གཅོད་ཅུའུ)དང་ཞིང་ཆེན་འཕྲོད་བསྟེན་ཐིན། ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་བཅས་ལ་ལས་བགོས་འགན་གཉེར་མཛད་པ། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་དང་འབྲེལ་གཏུག་གི་འགན་བཞེས་པ།
ལོ་རྒྱུས་མདོར་བསྡུས།
མཱ་ཧྲུན་ཆིན། 1963ལོའི་ཟླ1པོར་འཁྲུངས། ཕོ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་དང་ཧུའེ་རིགས་ཡིན། 1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། 1979ལོའི་ཟླ9བ་ནས1983ལོའི་ཟླ7པའི་བར་མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། སློབ་གྲྭ་ཆེན་མོའི་རྩོམ་རིག་ཤེས་རམས་པའི་མིང་བཏགས་ཐོབ་ཡོད། 1986ལོའི་ཟླ9པ་ནས1989ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 2000ལོའི་ཟླ3པ་ནས2001ལོའི་ཟླ1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་དར་གཞོན་འཛིན་གྲྭར་སློབ་སྦྱོང་མཛད། 2006ལོའི་ཟླ6པ་ནས2006ལོའི་ཟླ9བའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་ཕྱི་རྒྱལ་ཆེད་མཁས་པ་ཅུའུ་ཡིས་འཛུགས་གཉེར་བྱས་པའི་ཆིང་ཧྭ་སློབ་གྲྭ་ཆེན་མོ་དང་ཧྭ་ཧྥུ་སློབ་གྲྭ་ཆེན་མོའི་སྤྱི་པའི་དོ་དམ་མཐོ་རིམ་གསོ་སྤྱོང་འཛིན་གྲྭར་སློབ་སྦྱོང་མཛད།
1983ལོའི་ཟླ7པ་ནས1986ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་མེན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་གྱི་ལས་བྱེད་པ་དང་ཀྲིན་ཀྲང་གཞོན་པའི་འགན་བཞེས། 1986ལོའི་ཟླ1པོ་ནས1989ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་མེན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།
1989ལོའི་ཟླ11པ་ནས1991ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་སྔོན་གསོ་ཐིན་གྱི་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རིན་ཁོ་ཡོན་ཡིན། 1991ལོའི་ཟླ8པ་ནས1994ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རིན་གཞོན་པའི་འགན་བཞེས། 1994ལོའི་ཟླ7པ་ནས1995ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་མཛུབ་སྟོན་ལྟེ་གནས་ཀྱི་ཀྲུའུ་རིན་ཡིན། 1995ལོའི་ཟླ5བ་ནས1996ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་སློབ་གསོ་ཁྲུའུ་ཁྲུའུ་ཀྲང་གི་འགན་ཁུར་ཞོར་དུ་ཕྱི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 1996ལོའི་ཟླ5བ་ནས་1997ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 1997ལོའི་ཟླ6པ་ནས་1998ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། 1998ལོའི་ཟླ6པ་ནས2000ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཞོར་དུ་མཁར་ཤར་ཆུའུ་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས། 2000ལོའི་ཟླ7པ་ནས2000ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 2000ལོའི་ཟླ12པ་ནས2002ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།
2002ལོའི་ཟླ12པ་ནས2008ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་དང་ཞོར་དུ་ས་གཤིས་རྩད་ཞིབ་ཅུའུ་ཡི་ཅུའུ་ཀྲང་། ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།
2008ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་འགན་བཞེས། |