དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
ཀྲིག་ཡུང་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་
པོ་གསུམ་དམ་འཛིན་བྱས་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་
གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས22ཉིན།    

ཟླ7པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་
དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཆང་བེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་ཕེབས་
རོགས་བྱས་ནས་ཡུས་ཧྲུའུ་བཀྲ་ཤིས་ཁུག་གི་གནོད་ཐེབས་མང་ཚོགས་དང་ལས་བྱེད་མི་སྣར་ལྟ་སྐོར་བྱེད་དུ་ཕེབས་པ།

ཟླ7པའི་ཚེས19ཉིན་ནས་ཚེས21ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། 
འདི་ནི་ཟླ7པའི་ཚེས19ཉིན། ཀྲིག་ཡུང་ཁང་ཆེད་དུ་ན་གོར་མོ་ཆུ་བོའི་རགས་ཆེན་ཡོད་སར་ཕེབས་ཏེ། ཆུ་ལོག་ཉེན་སེལ་བྱ་བར་གཟིགས་ཞིབ་མཛད་པ་དང་། 
ཆུ་རགས་སྲ་བརྟན་དུ་གཏོང་བཞིན་པའི་དམག་དཔུང་གི་དཔོན་དམག་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་མཛད་པའི་ཚུལ་རེད།


འདི་ནི་ཟླ7པའི་ཚེས20ཉིན། ཀྲིག་ཡུང་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཏ་པའོ་ཙི་གྲོང་བརྡལ་ཅིན་ཅ་བན་སྡེ་བའི་
ཞིང་པ་ཁྱིམ་ཚང་ནས། ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་ཞིང་པའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཉེ་སྔོན་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས། ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཡུས་ཧྲུའུ་ས་འགུལ་གྱི་གནོད་འཚེ་ཐེབས་སའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཕྱོགས་ཡོངས་ནས་སྤེལ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་བྱ་བ་གཟབ་ནན་གྱིས་བཟང་པོར་སྒྲུབ་སྟེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།
    མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཕིན་ཞིན། ཧྲིན་ཀྲང་གཞོན་པ་ཧོ་ཐིང་དང་ཀྲང་ཅན་མེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཁྲའོ་དབྱང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་སྤྱིའི་རུ་དཔོན་ཞེ་ཚའེ་ཧྲུའུ་སོགས་ཀྱིས་ཀྲིག་ཡུང་ཁང་དང་མཉམ་དུ་རྟོག་ཞིབ་བྱས།
    དབྱར་ཚུགས་རྗེས་ན་གོར་མོ་ཆུ་བོའི་རྒྱུད་དུ་ལོ་རྒྱུས་སྟེང་མཐོང་དཀོན་པའི་ཆུ་ལོག་དྲག་པོ་བྱུང་ནས། ཆུ་ལོག་འགོག་པའི་རགས་མང་པོ་བརླགས་ཏེ། ས་དེར་འཇིགས་སྣང་ཚབས་ཆེན་བཟོས། ཚེས་བཅུ་དགུ་ཉིན་ཀྲིག་ཡུང་ཁང་གནམ་གྲུ་ལས་བབས་མ་ཐག་རླངས་འཁོར་ལ་བཞུགས་ཏེ་ཐད་ཀར་དུ་ན་གོར་མོ་ཆུ་བོའི་རགས་ཆེན་ཡོད་སར་ཕེབས་ཏེ། གནས་ཚུལ་ལ་ནན་གྱིས་གཟིགས་ཞིབ་མཛད་པ་དང་། ཆུ་ལོག་འགོག་པ་དང་ཉེན་ཁ་སེལ་བའི་བྱ་བར་མཛུབ་སྟོན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བཅས་ཀྱི་ཚབ་མཛད་དེ་འཐབ་ཕྱོགས་དང་པོ་ན་འབད་འཐབ་ལྷོད་མེད་བྱེད་བཞིན་པའི་དམག་དཔུང་གི་དཔོན་དམག་དང་ལས་བྱེད་པ། མང་ཚོགས་བཅས་ལ་བརྩེ་བའི་འཚམས་འདྲི་མཛད་པ་དང་། ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ། ན་གོར་མོའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་སྐུལ་མ་གནང་།
    ཚེས་ཉི་ཤུ་ཉིན་གྱི་སྔ་མོར། ཀྲིག་ཡུང་ཁང་གནམ་གྲུར་བཞུགས་ཏེ་ཡུས་ཧྲུའུ་ལ་ཕེབས། ཁོང་བསྐྱར་འཛུགས་ཚོད་ལྟ་བྱེད་བཞིན་པའི་སྐྱེ་རྒུ་གྲོང་བརྡལ་ཁྲ་འགུ་སྡེ་བར་ཕེབས་ཏེ། འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཞིབ་ཏུ་གསན་པ་དང་། བོད་རིགས་སྤུན་ཟླ་དར་བསོད་ཚང་གི་ཁང་པ་གསར་བར་གཟིགས་པ་དང་། ས་དེའི་ལས་བྱེད་པ་རྣམས་ལ་ས་དེའི་དེང་སྐབས་ཀྱི་ལས་ཀའི་དུས་ཚིགས་བཟང་པོ་དམ་འཛིན་དང་མྱུར་དུ་འཛུགས་སྐྲུན་བྱས་ཏེ། གནོད་འཚེ་ཐེབས་སའི་མང་ཚོགས་སྔ་མོ་ནས་བདེ་འཇགས་དགའ་སྐྱིད་ཀྱི་ཁང་པ་གསར་བའི་ནང་དུ་སྤར་ནས། དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་རོལ་ཏུ་འཇུག་དགོས་པའི་མངགས་བཅོལ་གནང་། བྱ་ཆུ་ཁོག་གི་སྡོད་དམངས་བཀོད་སྒྲིག་བྱེད་ས་ནས། ཀྲིག་ཡུང་ཁང་གིས་བྱིས་པ་ཚོའི་སློབ་སྦྱོང་གི་གནས་ཚུལ་ལ་ལྷག་ཏུ་ཐུགས་ཁུར་གནང་། བོད་རིགས་བུ་མོ་ཆུང་ཆུང་ལྷ་མོ་བསོད་ཐར་ཟི་ཁྲོན་ཏུའུ་ཅང་ཡན་གྱི་མཐོ་འབྲིང་སློབ་གྲྭ་རུ་སྐྱེལ་རྒྱུ་ཡིན་པ་ཤེས་པ་ན། ཁོང་ཐུགས་ཤིན་ཏུ་དགྱེས་པར་གྱུར། གུང་ཁྲན་ཏང་ཡོན་ཚེ་རིང་རྒྱ་མཚོ་ཚང་གི་སྦྲ་གུར་ནང་དུ། ཀྲིག་ཡུང་ཁང་གིས་ཁོ་ཚང་གི་ཁྱིམ་མི་རྣམས་དང་མཉམ་དུ་གསུང་གླེང་མཛད། ཁོང་གིས་གསུངས་རྒྱུར། འགོག་ཐབས་མེད་པའི་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་མདུན་ནས། ང་ཚོས་ཏང་གི་མགོ་ཁྲིད་འོག མིའི་སྲོག་སྐྱོབ་པ་དང་། མང་ཚོགས་བཀོད་སྒྲིག་བྱེད་པ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པ་བཅས་ཀྱི་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་བླངས་ལ། དེང་སྐབས་ཀྱི་བསྐྱར་འཛུགས་ལས་འགན་སྔར་ལས་ལྗིད་པས། གནོད་འཚེ་ཐེབས་སའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འདུ་ཤེས་བསྒྱུར་བ་དང་། དངོས་པོའི་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་གྱི་འཛུགས་བསྐྲུན་གཉིས་གཅིག་གྱུར་གྱིས་དམ་འཛིན་བྱས་ཤིང་། ཡུས་ཧྲུའུ་གསར་བའི་མི་བཟང་པོ་ཞིག་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བཟང་པོ་བྱེད་དགོས་ཟེར། ཀྲིག་ཡུང་ཁང་ད་དུང་མང་ཚོགས་བཀོད་སྒྲིག་བྱེད་སའི་ཉེན་དོན་ཁང་དང་མེ་གསོད་ཁང་། དྲག་ཆས་ཉེན་རྟོག་ཡུས་ཧྲུའུ་ཡན་ལག་རུ་ཁག་དང་ཅི་ནན་དམག་ཁུལ་ཐང་འཐབ་སྨན་ཁང་གྲུ་བཞི་བཅས་ལ་ཕེབས་ཏེ་འཐབ་ཕྱོགས་དང་པོའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་། མེ་གསོད་དམིགས་བསལ་ལས་རེས་པ། དྲག་ཆས་དཔོན་དམག བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་རོགས་སྐྲུན་ལས་བཟོ་བ་བཅས་ལ་བརྩེ་བའི་འཚམས་འདྲི་མཛད་པར་མ་ཟད། ཁོ་ཚོས་ཕྱོགས་གཅིག་ནས་བསྐྱར་འཛུགས་འཛིན་པ་དང་ཕྱོགས་གཅིག་ནས་བརྟན་འཇགས་བཟུང་སྟེ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་རྒྱལ་ཁ་གསར་བ་ལེན་པ་དང་ཡུས་ཧྲུའུ་ཡི་ཡུན་རིང་གི་བདེ་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་ཐུགས་རེ་བཏོན།
    ཀྲིག་ཡུང་ཁང་གིས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟིའི་ན་གོར་མོའི་སྣུམ་སྦྱངས་བཟོ་གྲྭ་ནི་མདོ་དབུས་མཐོ་སྒང་གི་སྣུམ་སྦྱངས་རྫས་འགྱུར་བཟོ་ལས་ཁེ་ལས་གཅིག་པུ་ཡིན་ལ། མཚོ་སྔོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། ཁོང་གིས་ཁེ་ལས་དེའི་ས་འདེམ་པ་དང་གསར་སྐྲུན། འཕེལ་རྒྱས་བཅས་ཀྱི་ཐད་ལ་ཐུགས་ཁུར་ཆེན་པོ་གནང་མྱོང་བས། དེར་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད། ལོ་ཉེར་བཞི་འགོར་རྗེས་ཀྲིག་ཡུང་ཁང་ཡང་བསྐྱར་ཁེ་ལས་དེར་ཕེབས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་ནུས་པ་དང་དོ་དམ་ཆུ་ཚད། སྤྱིའི་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་པ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་ངལ་རྩོལ་དཔེ་ལེགས་པ་རྒན་པ་དང་ལས་བཟོ་བ་རྒན་པ། ཁྱིམ་མིའི་འཐུས་མི་བཅས་ལ་འཚམས་འདྲི་མཛད་པར་མ་ཟད། ཚང་མ་དང་མཉམ་དུ་བཞུགས་མོལ་བྱས་ལ། རྡོ་སྣུམ་པ་རྒན་རབས་པའི་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་དང་། རྡོ་སྣུམ་པ་རབས་གསར་བས་རྒྱལ་གཅེས་དང་ལས་བསྐྲུན། ཕན་འདོགས་བཅས་ཀྱི་ཚྭ་འདམ་གཞོང་གི་རྡོ་སྣུམ་པའི་སྙིང་སྟོབས་རྒྱུན་འཛིན་བཟང་པོ་བྱས་ཏེ། ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུའི་ཐུགས་རེ་བཏོན། མཚོ་སྔོན་ཆིན་ཧྭ་པོ་ཀྲུང་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་ཟི་ནས། ཁེ་ལས་ཀྱི་འགན་ཁུར་པས་ས་དེའི་ཕུན་སུམ་ཚོགས་པའི་གླ་སིལ་གྱི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་བྱས་པ་བརྒྱུད་དེ། ཁེ་ལས་ལ་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་འབྱུང་བ་དང་ཞིང་པའི་ཡོང་སྒོ་ཇེ་མང་ལ་འགྲོ་བར་ཡར་སྐུལ་བྱས་པས། གླ་སིལ་ལ་སྐྱེ་ཁམས་ཀྱི་སྡོང་པོ་དང་། ཕྱུག་འགྱུར་གྱི་སྡོང་པོ། ཕན་འབྱུང་གི་སྡོང་པོ། བདེ་ཐང་གི་སྡོང་པོ་བཅས་ཀྱི་མཚན་སྙན་ཐོབ་ཡོད་ཅེས་མཚམས་སྦྱོར་བྱས་པ་ན། ཀྲིག་ཡུང་ཁང་གིས་ཡང་ནས་ཡང་དུ་གཟེངས་བསྟོད་མཛད། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཏ་པའོ་ཙི་གྲོང་བརྡལ་ཅིན་ཅ་བན་སྡེ་བ་རུ། ཀྲིག་ཡུང་ཁང་ཞིང་བའི་ཁྱིམ་ཚང་དང་ཞིང་ཁ་རུ་ཕེབས་ཏེ། ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་ཞིང་པའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་འཚོལ་ཞིབ་གང་ལེགས་བྱེད་དགོས་ཞེས་བསྟན།
     ཀྲིག་ཡུང་ཁང་གིས་སྤྱི་ཚོགས་དོ་དམ་དང་མི་རིགས་མཐུན་སྒྲིལ་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ཁོང་ན་གོར་མོ་གྲོང་ཁྱེར་གྱི་ཐེ་ཞི་སྡོད་ཁུལ་དུ་ཕེབས་ཏེ་སྡོད་ཁུལ་གྱི་ཞབས་ཞུ་དོ་དམ་བྱ་བར་རྟོག་ཞིབ་མཛད་པ་དང་། སྤྲོ་སེམས་འཁོལ་བའི་ངང་སྡོད་ཁུལ་གྱི་ལས་དོན་པས་སྒྲིག་འཁྲབ་བྱས་པའི་ཕེན་ཨན་མགྱོགས་བཤད་དང་སྡོད་ཁུལ་སྡོད་དམངས་ཀྱིས་འཁྲབ་སྟོན་བྱས་པའི་བསིལ་གཡབ་ཞབས་བྲོ་ལ་གཟིགས། ཀྲིག་ཡུང་ཁང་གིས་གསུངས་རྒྱུར། དཔལ་འབྱོར་འཕེལ་རྒྱས་དང་མཉམ་དུ་སྤྱི་ཚོགས་འཛུགས་སྐྲུན་མཐུན་སྦྱོར་སྒོས་སྤེལ་དགོས་པ་དང་། སྡོད་ཁུལ་གྱི་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱེད་དགོས་ལ། མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ནམ་ཡང་མཐོང་ཆེན་བྱེད་དགོས་ཟེར། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཁུ་ནུ་ལམ་མངགས་གཏོང་ཁང་ནས། ཁོང་གིས་དོ་དམ་ཁུལ་གྱི་འཁོར་རྒྱུགས་མི་གྲངས་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པ་དང་། ན་གོར་མོས་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་བྱེད་སྐབས་གོམ་སྟབས་སྔར་ལས་ཆེན་པོ་སྤོས་ཏེ། འབད་བརྩོན་ཆེན་པོས་རྒྱལ་ཡོངས་ལ་ཉམས་མྱོང་ལེན་དགོས་ཟེར། ཟི་ལིང་གྲོང་ཁྱེར་ཏུང་ཀོན་མུའུ་སི་ལིན་ཆོས་ཁང་ཆེན་མོ་ནས། ཀྲིག་ཡུང་ཁང་གིས་ཆོས་ཁང་གི་ཆོས་དཔོན་གྱིས་མུའུ་སི་ལིན་གྱི་མང་ཚོགས་ལ་ཡིག་རྨོངས་དང་ཁྲིམས་རྨོངས་སོགས་མི་བྱེད་པའི་སློབ་གསོ་བཏང་བ་དང་། བདེ་འཇགས་ཀྱི་ཆོས་ཁང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པར་མ་ཟད་ཁོ་ཚོའི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས་བཅས་སྲུང་སྐྱོང་སྔར་ལས་བཟང་པོ་བྱེད་དགོས་པའི་ཐུགས་རེ་བཏོན།
   རྟོག་ཞིབ་མཛད་སྐབས། ཀྲིག་ཡུང་ཁང་གིས་མཚོ་སྔོན་གྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་སྲིད་ཁྲིམས་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གྱི་འཐུས་མི་རྣམས་ལ་བཞུགས་མོལ་མཛད། ཁོང་གིས་མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འབྲེལ་ཡོད་ལ། མཚོ་སྔོན་གྱི་ལོ་རྒྱུས་ཀྱི་ལས་འགན་ལྗིད་མོ་ཡིན་པས། སྐྱོན་བྲལ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་། ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། གཞན་ལས་ལྷག་པའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་ལེགས་བཅོས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་པའི་ཐུགས་རེ་བཏོན།

ལོ་ཙཱ་བ། ཕྱུག་ལོ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཡུའུ་ཧྲུའུ་ནང་ཆེན་རྫོང་མོ་གྲོང་ཞང་དུ་སོང་ནས་[09-03]
ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིག་[09-01]
ཀྲང་ཅན་མེན་གྱིས་ཡུས་ཧྲུའུ་རྫོང་འབྲོང་མདའ་ཞང་གི་གནོད་ཐེབས་རྗེས་ཀྱི་[08-26]
མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་[08-24]
ཀྲང་ཅན་མེན་གྱིས་པེ་ཅིན་རོགས་སྐྲུན་ལས་ཁུངས་ཀྱི་ཨར་ལས་བཟོ་[08-24]
མཚོ་སྔོན་རྒྱལ་སྤྱིའི་ཐང་ཀའི་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་འགྲེམ་སྟོན་ཚོགས་འདུ་[08-23]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)