དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། སྲིད་གཞུང་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དེབ། ཚན་སྤེལ་ཤེས་བྱ།
 
 
སྐབས་དགུ་བའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་
གཟབ་རྒྱས་ངང་མགོ་བརྩམས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ7པའི་ཚེས17ཉིན།    

     སྐབས་དགུ་བའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་གྱི་ཀྲུང་གོ་ལུས་རྩལ་རྒྱན་ཤོག་བུམ་པའི་ལྕགས་རྟའི་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་བཅུའི་སྟེང་ཧྲུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀྲུང་གོའི་ཧོར་རིགས་གླིང་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པདྨ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཕེས་མེན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཧྲིན་ཧི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སྐྱིད་བདེ་རྨ་རྒྱལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བང་ཞོ་ཆིན། ལིག་ཁྲོན་ཡོ། ཧྲིན་གཞོན་པ་ཝང་ལིན་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཡུས་ཀྲི། ཧན་ཡུས་ཀོས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ལྕགས་རྟ་དང་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན། ཀྲུང་གོ་ལྕགས་རྟའི་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཕན་ཀྲི་ཧྲིན་སོགས་འགོ་ཁྲིད་པ་དང་སྐུ་མགྲོན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས།


ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་མཛད་སྒོར་མགོ་འཛིན་བྱས་པ།

   ཝང་ལིན་ཅུན་གྱིས་མཛད་སྒོར་མགོ་འཛིན་བྱས། འཛམ་གླིང་གི་གླིང་ཆེན་ལྔ་ནས་ཡོང་བའི་ལུས་རྩལ་རུ་ཁག་མཛད་སྒོ་མགོ་རྩོམ་པའི་ཐང་ཆེན་དུ་སླེབས་པ་དང་། ལའོ་ཧོས་ཉིན་དང་ཕན་ཀྲི་ཧྲིན་གཉིས་ཀྱིས་ཞུ་ཚིག་ཕུལ།

   ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཆང་བེ་ཡིས་སྐབས་དགུ་བའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་མགོ་བརྩམས་པ་ཁྱབ་སྒྲོག་བྱས། སྐབས་དེར་མི་སེམས་འགུལ་བའི་ཤོག་སྦག་གི་སྒྲས་བར་སྣང་གི་སྤྲིན་རིམ་གཏོར་ནས་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་གི་འདབ་བརྒྱ་གྲོལ་བ་དང་མཉམ་དུ་གནས་དེའི་ག་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་འདུག

    སྐབས་དགུ་བའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་གྱི་མཛད་སྒོ་མཇུག་རྫོགས་རྗེས་གསར་གཏོད་རང་བཞིན་ལྡན་པ། ཁྱད་ཆོས་མངོན་པར་གསལ་བའི་རིག་རྩལ་ཁྲབ་སྟོན་རྒྱ་ཆེན་ཞིག་བསྡུས།

ལོ་ཙཱ་བ། བསོད་ནམས་ལྷ་མོ།
འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཡུའུ་ཧྲུའུ་ནང་ཆེན་རྫོང་མོ་གྲོང་ཞང་དུ་སོང་ནས་[09-03]
ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིག་[09-01]
ཀྲང་ཅན་མེན་གྱིས་ཡུས་ཧྲུའུ་རྫོང་འབྲོང་མདའ་ཞང་གི་གནོད་ཐེབས་རྗེས་ཀྱི་[08-26]
མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་[08-24]
ཀྲང་ཅན་མེན་གྱིས་པེ་ཅིན་རོགས་སྐྲུན་ལས་ཁུངས་ཀྱི་ཨར་ལས་བཟོ་[08-24]
མཚོ་སྔོན་རྒྱལ་སྤྱིའི་ཐང་ཀའི་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་འགྲེམ་སྟོན་ཚོགས་འདུ་[08-23]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)