
ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཟི་ལིང་ནས་བསྡུས་པ་དང་ཞིང་ཆེན་སྲིད་གཞུང་གི་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་བཞིན་པ།
ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཟི་ལིང་ནས་བསྡུས་པ་དང་ཞིང་ཆེན་སྲིད་གཞུང་གི་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཞའོ། སངས་རྒྱས། བང་ཞའོ་ཆིན། ཀོ་རུའུ་ཀྲོ། ལིག་ཁྲུང་ཡོ། དབང་མོ་སོགས་སྡོམ་པས་ཨུ་ཡོན་སོ་གཉིས་གྲོས་ཚོགས་ལ་ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་ཧྥུའུ་ཧེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཕུལ་བའི་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། སོ་སོར་ཚན་ཆུང་བགོས་ནས་གྲོས་ཞིབ་བྱས། མཇུག་མཐར་རྒྱུན་ལས་ཨུ་ཡོན་གྱིས་གྲུབ་པའི་ཁོངས་མི་རྣམས་ཀྱིས་སྙན་ཞུ་དེ་ལ་མཐུན་མོང་གི་ལྟ་ཚུལ་བྱུང་། ཚང་མས་བལྟས་ན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུས་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་གྲུབ་འབྲས་དང་གནོད་འཚེའི་རྗེས་ཀྱི་དུས་སྐབས་སྔོན་མའི་བསྐྱར་འཛུགས་དང་རྨང་གཞི་བྱ་བའི་ཧུར་བརྩོན་རང་བཞིན་གྱི་གྲུབ་འབྲས་སྤྱི་སྡོམ་བྱས་ཡོད་པ་དང་། ཡུས་ཧྲུའུ་ས་ཁུལ་གྱི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་དང་སྐྱེ་ཁམས་གོ་གནས། རིག་གནས་ཀྱི་རྒྱབ་ལྗོངས་བཅས་ལ་རྐང་བཙུགས་ཡོད་ལ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་དམིགས་འབེན་འགན་འཁྲི་དང་སྤྱིའི་འཆར་འགོད་ལ་དམ་པོར་དམིགས་ཏེ་བྱ་བའི་ཇུས་འགོད་སོགས་ཀྱི་ཐད་ལ་རེ་བ་ཞིབ་རྒྱས་བཏོན་འདུག
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་ཧྥུའུ་ཧེ་ཡིས་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོའི་སྟེང་གཏམ་བཤད། ཁོས་བཤད་རྒྱུར། ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ནི་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པའི་དུས་སྐབས་ནང་ཆེད་དུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཟེར།
མ་ཧྥུའུ་ཧེ་ཡིས་ད་དུང་བཤད་རྒྱུར། ཐེངས་འདིའི་ཡོམ་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་ཁྲོད་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་དཀའ་སྡུག་ལ་མི་སྐྲག་པ་དང་བདག་པས་གཞན་གཅེས་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས། རྗེས་ཕྱོགས་སུ་རིམ་པ་སོ་སོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་ཐད་ལ་རང་ནུས་གང་ཡོད་འདོན་དགོས་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ། |