ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོ། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བའི་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པར་བཞུགས་མོལ་དང་བརྗེ་རེས་བྱས་པ་དང་། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་མཁར་གྲོང་དང་སྡོད་ཁང་འཛུགས་སྐྲུན་ཐིན། ཞིང་ཆེན་བཟོ་ཚོང་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས།

ཝང་ལིན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་དང་། ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་གྱི་བྱ་བར་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཝང་ལིན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་དང་ས་གནས་ཀྱི་ཆབ་སྲིད་ཁྱད་ཆོས་དང་བརྟན་འཇགས་སྲུང་སྐྱོང་གི་ཟུར་ཚད་ནས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པར་མཚོ་སྔོན་གྱི་ཕྱི་དོན་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་མཚམས་སྦྱོར་བྱས།

མཇུག་མཐར་ཝང་ལིན་ཅུན་གྱིས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པའི་སྐབས་སུ་མཚོ་སྔོན་གྱི་ཕྱོགས་མང་པོར་རྒྱུས་ལོན་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་གྱི་ཕྱོགས་ཡོངས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་རེ་བ་བཏོན།
བཞུགས་མོལ་ཚོགས་འདུའི་སྟེང་དུ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་གནས་སྐོར་ཅུའུ་སོགས་ཀྱིས་སོ་སོར་རང་རང་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།
ལོ་ཙཱ་བ། གཡང་འབུམ་རྒྱལ། |