ཚེས་ཉེར་བཞིའི་ཉིན་ཞིང་ཆེན་དང་། ཁུལ། རྫོང་། ཞང་བཅས་རིམ་པ་བཞིའི་ལས་བྱེད་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་བགྲོ་གླེང་ཚོགས་འདུས་ཚན་ཆུང་བགོས་ཏེ་སློབ་སྦྱོང་དང་གྲོས་བསྡུར་བྱས་ནས། ཡུས་ཧྲུའུ་ས་འགུལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་འབྲེལ་ཡོད་ཡིག་ཆར་སློབ་སྦྱོང་བྱས་པ་དང་། ཚན་ཆུང་བགོས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་བཞིའི་ལས་བྱེད་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད་གལ་ཆེན་ལ་གྲོས་བསྡུར་བྱས། ཚོགས་རའི་སྟེང་འཐུས་མི་རྣམས་ཀྱིས་ལང་ལོང་གིས་གྲོས་བསྡུར་བྱས།


ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་གཏམ་བཤད་སྐབས་གཅིག་མཐུན་སྒོས་བལྟས་ན། ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པའི་གནད་འགག་གི་དུས་སྐབས་སུ་བསླེབས་པས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་བཞིའི་ལས་བྱེད་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་བགྲོ་གླེང་ཚོགས་འདུ་བསྡུས་པ་དེ་ཧ་ཅང་དུས་ཐོག་ཡིན་པ་དང་། དགོས་གཏུག་ཆེ་བའི་དོན་དག་ཅིག་རེད་འདོད།


ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་ཧྲུའུ་ཅི་ཆང་བེ་དང་ཧྲིན་ཀྲང་ལའོ་ཧོས་ཉིན་གཉིས་ཀྱི་གཏམ་བཤད་ལ་སློབ་སྦྱོང་བྱས་པ་བརྒྱུད་དེ། ཡུས་ཧྲུའུ་ཡི་བསྐྱར་འཛུགས་བྱ་བའི་དམིགས་འབེན་དང་འཆར་གཞི། རེ་བ་སོགས་ཕྱོགས་གང་ཐད་ལ་ངོས་འཛིན་སྔར་ལས་གསལ་བོ་བྱས་པ་དང་། སྔར་ལས་ཡིད་ཆེས་ཇེ་བརྟན་དུ་བཏང་། ཁོ་ཚོས་ཕྱིན་ཆད་ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བརྩིས་ནས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་པར་སྣེ་ཁྲིད་པ་དང་ མུ་མཐུད་དུ་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་སྡུག་རུས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ནས། གོ་སྐབས་དམ་འཛིན་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་བྱས་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བའི་ལས་འགན་སྣ་ཚོགས་བཟང་བོར་སྒྲུབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་སྔ་མོ་ནས་མངོན་འགྱུར་བྱེད་དགོས་ཟེར།
ལོ་ཙཱ་བ། བདེ་སྐྱིད་འཚོ།
འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། |