ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་ཉིས་སྟོང་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གནས་ཚུལ་སྤྱི་བསྡོམས་བྱས་ནས། དེང་སྐབས་ཀྱི་རང་ཞིང་གི་དུག་རྫས་འགོག་པའི་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཉིས་སྟོང་བཅུ་ལོའི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་དུག་འགོག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྲིན་ཀྲང་གཞོན་པ་ཧོ་ཐིང་གིས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཡུས་ཀོས་གྲོས་ཚོགས་སུ་ཞུགས།

ཧོ་ཐིང་གིས་ནན་གྱིས་བསྟན་དོན། རིམ་པ་སོའི་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ལག་བསྟར་བྱས་ནས། རང་སོ་སོའི་དུག་རྫས་ནག་ཉེས་དང་། རང་སྡེ་ཁག་གི་དུག་འགོག་བྱ་བ་ནན་ཏན་གྱིས་སྤེལ་བར་ཡར་སྐུལ་བྱེད་པ་དང་ཚད་ངེས་ཅན་ཞིག་ནས་འཆམ་མཐུན་གྱི་རྒྱུ་རྐྱེན་ཇེ་མང་དུ་གཏོང་བ་དང་། འཆམ་མཐུན་མིན་པའི་རྒྱུ་རྐྱེན་ཇེ་ཉུང་དུ་གཏོང་བའི་སྤྱིའི་རེ་བ་ལྟར། སྤྱི་ཚོགས་རིང་ལུགས་ཀྱི་བདེ་འཇགས་བརྟན་འཇགས་སྲུང་སྐྱོང་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་དུག་འགོག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།
ལོ་ཙཱ་བ། བདེ་སྐྱིད་འཚོ།
འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། |