
ཟླ3པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོའམ་ཐིན་ཏང་ཙུའུ་ཧྲུའུ་ཅི་ཀའོ་ཧྭ་ཡིས་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི2009ལོའི་དམིགས་འབེན་ལས་འགན་དཔྱད་ཞིབ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀའོ་ཧྭ་ཡིས་གཞུང་ལས་ཐིན་གྱི2009ལོའི་བྱ་བ་གཙོ་བོ་མདོར་བསྡུས་ཀྱིས་དཔྱད་ཞིབ་ཚན་ཁག་ལ་ཡར་ཞུ་བྱས།

དྲུང་ཡིག་ཆེན་མོ་ཀའོ་ཧྭ་ཡིས་གཏམ་བཤད་པ།
2009ལོའི་ཞིང་ཆེན་དམིག་འབེན་ལས་འགན་དཔྱད་ཞིབ་ཚན་ཁག་བརྒྱད་པའི་ཙུའུ་ཀྲང་ངམ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡིའུ་ཝེ་ལི་ཡིས་དཔྱད་ཞིབ་ཀྱི་དམིགས་འབེན་གཙོ་བོ་དང་མཉམ་འཇོག་བྱེད་དགོས་པ་དོན་ཚན་གསལ་བཤད་བྱས།

ཧྲུའུ་ཅི་གཞོན་པ་ཡིའུ་ཝེ་ལི་ཡིས་གཏམ་བཤད་པ།
ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཚན་ཧྲི་ཁང་གི་ཀྲུའུ་རིན། གཞུང་ལས་ཐིན་ཏང་ཙུའུ་ཡི་ཁོངས་མི་ཞུས་ལེན་ཧྲེང་གིས་གཞུང་ལས་ཐིན་གྱི་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས《2009ལོའི་དམིགས་འབེན་ལས་འགན་འགྲུབ་པའི་གནས་ཚུལ་བྱ་བའི་སྙན་ཞུ》དཔྱད་ཞིབ་ཚན་ཁག་ལ་སྙན་ཞུ་འབུལ་བ་དང་། གྲོས་ཚོགས་ནས་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་འགོ་ཁྲིད་ཚན་ཁག་གིས་དམངས་གཙོ་ཚད་ལེན་ཞིབ་དཔྱད་བྱས།
དྲུང་ཡིག་ཆེན་མོ་གཞོན་པ་ཞུས་ལེན་ཧྲེང་གིས་སྙན་ཞུ་འབུལ་བ།
ཚོགས་འདུ་གྲོལ་རྗེས་དཔྱད་ཞིབ་ཚན་ཁག་དང་ཐིན་ཏང་ཙུའུ་ཡི་ཁོངས་མི། སྐོར་ཞིབ་པ་གཞོན་པ་བཅས་ཀྱིས་ཞབས་ཕྱི་བྱེད་ཡུལ་འཐུས་མི་དང་ཁྲུའུ་དང་ཁང་། སྡེ་ཚན་སོ་སོ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ཁ་བརྡ་བྱས།

དམངས་གཙོ་ཚད་ལེན་ཞིབ་དཔྱད་འདེམས་ཤོག་འཕེན་བཞིན་པའི་ཚུལ།
དམངས་གཙོ་ཚད་ལེན་ཞིབ་དཔྱད་འདེམས་ཤོག་འཕེན་བཞིན་པའི་ཚུལ། |