དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་ཕྱོགས་བསྡུས་
མཚམས་སྦྱོར་ཚོགས་འདུ་ཐའེ་ཝན་ནས་གཟབ་རྒྱས་ངང་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས17ཉིན།    

     ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་འཛུགས་བྱས་པའི“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་དེ་ཐའེ་པེ་གྲོང་ཁྱེར་གྱི་ཡོན་ཧྲན་མགྲོན་ཁང་ནས་དངོས་སུ་མགོ་བརྩམས། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོར་ཐའེ་ཝན་ནས་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་དྲིལ་སྒྲོག་བྱ་འགུལ་ཞིག་ཡིན་ལ། མཚོ་སྔོན་དང་ཐའེ་ཝན་བར་གྱི་གཞི་ཁྱོན་ཆེས་ཆེ་བའི་བརྗེ་རེས་བྱ་འགུལ་ཞིག་ཀྱང་ཡིན།

     ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་བྱ་འགུལ་གྱི་མགོ་རྩོམ་པའི་མཛད་སྒོའི་ཕྱོགས་བསྡུས་མཚམས་སྦྱོར་ཚོགས་འདུའི་སྟེང་བཤད་རྒྱུར། མཚོ་སྔོན་དང་ཐའེ་ཝན་གཉིས་ཀྱི་བར་ན་རྒྱང་ཐག་རིང་ན་ཡང་། ས་ཁུལ་གཉིས་ཀྱི་མི་དམངས་བར་མཛའ་བཤེས་ཟབ་མོ་ལྡན། ཐེངས་འདིའི་བྱ་འགུལ་ལ་བརྟེན་ནས་ཐའེ་ཝན་སྤུན་ཟླ་སྔར་ལས་མང་པོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་གྱི་མི་སྔར་ལས་མང་པོས་ཐའེ་ཝན་ལ་རྒྱུས་ལོན་བྱེད་ཐུབ་པར་ངས་སྙིང་ཐག་པ་ནས་རེ་བ་བྱེད་བཞིན་ཡོད་ཟེར། ཤེས་པ་ལྟར་ན། མཚམས་སྦྱོར་ཚོགས་འདུའི་སྔོན་ལ། ཝང་ལིན་ཅུན་གྱིས་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པིའོ་ཞུང་དང་ཀྲུའུ་ཞི་གཞོན་པ་ཅང་ཞའོ་ཡུས་གཉིས་དང་གྲོས་མོལ་བྱས། ཆིན་མིན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་མཚམས་སྦྱོར་ཚོགས་འདུར་ཞུགས།

     ཐེངས་འདིའི་བྱ་འགུལ་གྱི་ནང་དོན་གཙོ་བོ་ནི་མཚོ་སྔོན་གྱི་མི་རིགས་མང་པོའི་རིག་གནས་དང་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ལས་མཚམས་སྦྱོར་བྱེད་པ་དང་། མཚོ་སྔོན་དང་ཐའེ་ཝན་གཉིས་ཀྱི་གནས་སྐོར་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བྱ་འགུལ་གྱི་མགོ་རྩོམ་པའི་ཉིན་དེར་ཕྱོགས་བསྡུས་མཚམས་སྦྱོར་ཚོགས་འདུ་བསྡུས་པ་ལས་གཞན། བྱ་འགུལ་གྱི་སྐབས་སུ། “མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་གྱི་འཐུས་ཚབ་ཚོགས་པ་ད་རུང་ཐའེ་པེ་ནས་མི་རིགས་རིག་གནས་དང་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ལས། འདྲ་པར་འགྲེམ་སྟོན་བཅས་ཆེད་དོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུ་རྒྱུ་རེད།

    ལོ་ཙཱ་བ།  ཞའོ་ཡན།

  འབྲེལ་ཡོད་དྲ་སྦྲེལ།
རྨ་འབྲི་རྫ་གསུམ་གྱི་རྗེས་དྲན་རྡོ་རིང་མདུན་ནས“གཙང་གསུམ་འབྱུང་ཡུལ་ནས་ཆུ་བླངས་ནས་འཛམ་[07-26]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས[07-24]
ཀྲང་ཅན་མེན་གྱིས་ཨ་ཁྲོ་ཞང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་[07-24]
ཀྲིག་ཡུང་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་[07-22]
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་[07-19]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)