དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཧོ་ཐིང་གིས་འགན་འཁྲི་འདུ་ཤེས་དང་སེམས་ཁྲལ་འདུ་ཤེས་ཇེ་དྲག་ཏུ་
བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་
འཆམ་མཐུན་གཏན་འཇགས་ཡོང་བར་མེ་འགོག་བདེ་འཇགས་ཀྱི་
ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཞེས་ནན་གྱིས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2010ལོའི་ཟླ3པའི་ཚེས16ཉིན།    

ཟླ3པའི་ཚེས15ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཧྲིན་ཀྲང་གཞོན་པ་ཧོ་ཐིང་གིས་གྲོས་ཚོགས་སྟེང་བསྟན་དོན། མེ་འགོག་བདེ་འཇགས་བྱ་བ་བཟང་བོ་སྒྲུབ་པ་དེ་འཆམ་མཐུན་སྤྱི་ཚོགས་སྐྲུན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒོ་ཀུན་ནས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད་ཟེར།

ཧོ་ཐིང་གིས་བསྟན་དོན། མེ་འགོག་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། མེ་སྐྱོན་དོན་རྐྱེན་སྔོན་འགོག་དང་ཚོད་འཛིན་ལ་ཏན་ཏིག་གིས་ཤུགས་སྣོན་པ་དང་། སྤྱི་པའི་མེ་འགོག་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་རིམ་བཞིན་ཇེ་ཆེར་གཏོང་བ། གྲོང་ཁྱེར་སྡེ་གླིང་དང་རོང་འབྲོག་ཁུལ་གྱི་མེ་འགོག་འཛུགས་སྐྲུན་མུ་མཐུད་དུ་ཤུགས་སྣོན་པ་དང་། མཁོ་བསྟུན་རོགས་སྐྱོར་སྟོབས་ཤུགས་འཛུགས་སྐྲུན་གཙིགས་སུ་བཟུང་སྟེ།  སྤྱི་ཚོགས་ཀྱི་མེ་འགོག་དྲིལ་བསྒྲགས་སློབ་གསོ་གཏོང་བའི་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། སྤྱི་བདེ་མེ་འགོག་དཔུང་སྡེ་འཛུགས་སྐྲུན་ལ་དངོས་གནས་ཤུགས་བསྣན་ཏེ། བློ་དཀར་ཞིང་ཡིད་རྟོན་རུང་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཕྱི་སྒྲུབ་པའི མེ་འགོག་དཔུང་སྡེ་ཞིག་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་དགོས།


     ཧོ་ཐིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སྡེ་ཚན་སོ་སོ་བཅས་ཀྱིསམེ་འགོག་བཅའ་ཁྲིམསཀྱི་བླང་བྱ་ལྟར། འགན་འཁྲི་འདུ་ཤེས་དང་སེམས་ཁྲལ་འདུ་ཤེས་ཏན་ཏིག་གིས་ཇེ་དྲག་ཏུ་གཏོང་བ་དང་འགོ་ཁྲིད་ལ་ཤུགས་སྣོན་པ། སུས་གཙོ་གཉེར་བྱེད་པ་སུས་འགན་ཁུར་དགོས་པའི རྩ་དོན་ལྟར། རིམ་པ་སོ་སོའི་སྲིད་གཞུང་གི་འགོ་ཁྲིད་འགན་ཁུར་ལམ་ལུགས་དང་ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་ཁུར་ལམ་ལུགས། ཁེ་དོན་ལས་སྡེ་ཚན་སོ་སོའི་རྐང་བྱེད་འགན་ཁུར་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། མེ་འགོག་བདེ་འཇགས་འགན་ཁུར་ལས་བགོས་འགན་གཉེར་འགོ་ཁྲིད་དང་བྱེ་བྲག་གི་སྡེ་ཁག   བྱེ་བྲག་གི་ལས་གནས་བཅས་སུ་དངོས་འབེབས་བྱེད་པ་དང་། རིམ་པ་མགོ་མཇུག་བར་གསུམ་མ་ཚང་བ་མེད་པའི འགན་ཁུར་མ་ལག་ཅིག་དངོས་གནས་གྲུབ་པ་དང་། མེ་སྐྱོན་ཧ་ཅང་ཆེ་བའི་དོན་རྐྱེན་བྱུང་བ་ནན་འགོག་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས།
    ཚོགས་ཐོག་ནས་ཧྲིན་ཀྲང་གཞོན་པ་ཧོ་ཐིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་དང་ཏིས། གྲོང་ཁྱེར་བཅས་སོ་སོའི་སྲིད་གཞུང་དང2010ལོའི་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེབཀོད་པ་རེད།

  འབྲེལ་ཡོད་དྲ་སྦྲེལ།
“ཡུས་ཧྲུའུ་མ་ཉམས་ན་མེས་རྒྱལ་ལ་དྲིན་ལེན་འཇལ་དགོས”ཞེས་པའི་མཚོ་སྔོན་ཡུས་ཧྲུའུ་[07-29]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་ལས་སྒོའི་སྲོག་ཤིང་ལས་བྱེད་པའི་གློག་རྡུལ་[07-28]
རྨ་འབྲི་རྫ་གསུམ་གྱི་རྗེས་དྲན་རྡོ་རིང་མདུན་ནས“གཙང་གསུམ་འབྱུང་ཡུལ་ནས་ཆུ་བླངས་ནས་འཛམ་[07-26]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས[07-24]
ཀྲང་ཅན་མེན་གྱིས་ཨ་ཁྲོ་ཞང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་[07-24]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)