དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཝང་ལིན་ཅུན་གྱིས་ཚོགས་པ་ཁྲིད་དེ་ནང་སོག་དང་། ཧྲང་ཧེ། ཧྲན་ཏུང་
སོགས་ས་ཆར་སོང་ནས་ཚོང་འགུག་གི་བྱ་བ་བསྒྲུབས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས15ཉིན།    

     ཚེས་གསུམ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྱིས་ཚོགས་པ་ཁྲིད་དེ་སྔ་གཞུག་ཏུ་ནང་སོག་དང་།   ཧྲང་ཧེ།   ཧྲན་ཏུང་སོགས་ས་ཆར་སོང་ནས་མུའུ་སི་ལིན་ཟས་རིགས་དང་ཅ་ལག་ཐོན་ལས་དང་།  ས་གདན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ནས།   ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའི་ཚོང་འགུག་བྱ་བ་བསྒྲུབས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དེ་གསུམ་གྱི་སྲིད་གཞུང་གིས་འགྲེམ་སྟོན་དེ་གཉིས་ལ་སྔར་ལས་རྒྱབ་སྐྱོར་བྱས་ནས།  ཁེ་ལས་སྔར་ལས་མང་པོ་རྩ་འཛུགས་བྱས་ནས་འགྲེམ་སྟོན་ལ་ཞུགས་རྒྱུའི་ཚུལ་བསྟན།

   ནང་སོག་རང་སྐྱོང་ལྗོངས་ནས་ཝང་ལིན་ཅུན་སོགས་སྔ་གཞུག་ཏུ་དབྱི་ལིས་དངོས་གཉེར་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་དང་།  མིན་དབྱི་ས་མུའུ་སི་ལིན་ཟས་རིགས་ཚད་ཡོད་ཀུང་ཟི་སོགས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྟོག་ཞིབ་བྱས།

     ཧྲན་ཏུང་ཞིང་ཆེན་སྲིད་གཞུང་དང་བཞུགས་མོལ་བྱེད་སྐབས།  ཝང་ལིན་ཅུན་གྱིས་ཐོག་མར་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་།   ཞིང་ཆེན་སྲིད་གཞུང་གིས་ལོ་མང་པོའི་རིང་ལ་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས།
    ཧྲན་ཏུང་ཞིང་ཆེན་ཏུང་དབྱིན་གྲོང་ཁྱེར་དང་།  པེན་ཀྲིག་གྲོང་ཁྱེར་དང་ཏི་ཀྲིག་གྲོང་ཁྱེར་བཅས་ནས་ཝང་ལིན་ཅུན་སོགས་སྔ་གཞུག་ཏུ་རྨ་ཆུ་ཟུར་གསུམ་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དང་།  ཧྲན་ཏུང་ཧྭ་དབྱིན་སྡེ་ཚོགས།   མིན་བེ་སྡེ་ཚོགས་ཀུང་ཟི།   ཏུང་ཧྥེང་ས་གདན་ཚད་ཡོད་ཀུང་ཟི།  ཧོང་ཨན་སྐམས་གསོ་རྟེན་གཞི་སོགས་ཀུང་ཟིར་སོང་ནས་རྟོག་ཞིབ་བྱས།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
རྨ་འབྲི་རྫ་གསུམ་གྱི་རྗེས་དྲན་རྡོ་རིང་མདུན་ནས“གཙང་གསུམ་འབྱུང་ཡུལ་ནས་ཆུ་བླངས་ནས་འཛམ་[07-26]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས[07-24]
ཀྲང་ཅན་མེན་གྱིས་ཨ་ཁྲོ་ཞང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་[07-24]
ཀྲིག་ཡུང་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་[07-22]
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་[07-19]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)