དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་སྲིད་གཞུང་
གི་རྒྱུན་ལས་གྲོས་ཚོགས་ཐེངས54བ་བསྡུས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས26ཉིན།    

ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་ཚེས་ཉེར་དྲུག་ཉིན་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས54བ་བསྡུས་ནས།   ཞིང་ཆེན་སྲིད་གཞུང་གི་ཉིས་སྟོང་བཅུ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད་འཆར་ཟིན་དང་མཚོ་སྔོན་གྱི་གྲངས་ཉུང་མི་རིགས་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།  ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་སྔར་ལས་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར་སོགས་ལ་ཞིབ་འཇུག་བྱས།


ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ།

   ཚོགས་ཐོག་ནས་བསྟན་དོན། ཉིས་སྟོང་བཅུ་ལོའི་སྲིད་གཞུང་གི་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ།  ཁྲིམས་ལྟར་སྲིད་འཛིན་པའི་བྱ་བར་ཕྱོགས་ཡོངས་ནས་ཡར་སྐུལ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ཡོད།  ཚོགས་ཐོག་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་རིགས་སོ་སོ་མཐུན་སྒྲིལ་དང་ཡར་ཐོན་ཡོང་བར་ཡར་སྐུལ་གཏོང་བ་དང་།མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་འཐབ་ཇུས་གཞིར་བཟུང་སྟེ་རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་བ་ནན་གྱིས་བསྟན།


ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྲོས་ཚོགས་སུ་ཞུགས་པ།

ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྲོས་ཚོགས་སུ་ཞུགས་པ།

ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་པ།


ཧྲིན་ཀྲང་གཞོན་པ་སྐྱིད་བདེ་རྨ་རྒྱལ་གྲོས་ཚོགས་སུ་ཞུགས་པ།

       ཚོགས་ཐོག་ནས་བསྟན་དོན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ནི་རང་ཞིང་གི་རིན་ཐང་བྲལ་བའི་མི་ཤུགས་ཀྱི་ཐོན་ཁུངས་ཡིན་ལ། དེང་སྐབས་རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་གྱིས་ཤུགས་རྐྱེན་ཐེབས་འོག རང་ཞིང་གི་ལས་ཞུགས་གནས་བབ་ལ་སྔར་བཞིན་ཛ་དྲག་ཆེ་བའི་དབང་གིས་འབྲེལ་ཡོད་སྡེ་ཁག་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་དགོས་ཟེར། 


ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་གྲོས་ཚོགས་སུ་ཞུགས་པ།

ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྲོས་ཚོགས་སུ་ཞུགས་པ།

ཧྲིན་ཀྲང་གཞོན་པ་ཧོ་ཐིང་གྲོས་ཚོགས་སུ་ཞུགས་པ།


དྲུང་ཡིག་ཆེན་མོ་ཀའོ་ཧྭ་གྲོས་ཚོགས་སུ་ཞུགས་པ།

          ཚོགས་ཐོག་ནས་ད་དུང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས། 

ལོ་ཙཱ་བ།  བཀྲ་ཤིས་འབུམ།

འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

  འབྲེལ་ཡོད་དྲ་སྦྲེལ།
རྨ་འབྲི་རྫ་གསུམ་གྱི་རྗེས་དྲན་རྡོ་རིང་མདུན་ནས“གཙང་གསུམ་འབྱུང་ཡུལ་ནས་ཆུ་བླངས་ནས་འཛམ་[07-26]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས[07-24]
ཀྲང་ཅན་མེན་གྱིས་ཨ་ཁྲོ་ཞང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་[07-24]
ཀྲིག་ཡུང་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་[07-22]
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་[07-19]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)