དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་ལོ་སར་སྐབས་སུ་བྱ་བ་སྒྲུབ་
བཞིན་པའི་ལས་བཟོ་རྣམས་ལ་འཚམས་འདྲི་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས16ཉིན།    

    ལོ་སར་ཚེས་གཅིག་གི་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་དང་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན། དེ་མིན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།   ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་མཉམ་དུ །     མཚོ་བོད་ལྕགས་ལམ་ཀུང་ཟི་དང་ཟི་ལིང་གྲོང་ཁྱེར་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་སུ་སོང་ནས།   དུས་ཆེན་སྐབས་སུ་ལས་གནས་ནས་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་བ་མ་ཟད།  ཁོ་ཚོ་དང་མཉམ་དུ་ལུགས་རྙིང་ལོ་སར་ལ་རོལ།  

     ཧྲིན་ཀྲང་ལའོ་ཧོས་ཉིན་མཚོ་བོད་ལྕགས་ལམ་ཀུང་ཟིའི་འཁོར་སྒུག་ཚོགས་ཁང་ཆེན་མོ་དང་།  པ་སེ་བཙོང་ས།   སྐོང་འཐེན་ལྟེ་གནས་བཅས་སུ་སོང་ནས།   མེ་འཁོར་ལ་སྒུག་བཞིན་པའི་མགྲོན་པོ་དང་།  ལས་རེས་ལས་བཟོ་བ་རྣམས་ལ་ལག་འཇུ་བྱས་ཏེ་ཁོ་ཚོར་ལོ་སར་གྱི་རྟེན་འབྲེལ་ཞུས་བ་དང་མཉམ་དུ་ད་རུང་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་འཁོར་རྒྱུགས་གནས་ཚུལ་ལ་ཞིབ་ལྟ་བྱས།

    ཟི་ལིང་གྲོང་ཁྱེར་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཀུང་ཟི་ནས་ལའོ་ཧོས་ཉིན་གྱིས་ཀུང་ཟིའི་ཐོན་ཚད་དང་།   ཚོང་བའི་ཡོང་སྒོ   ཁེ་སྤོགས་བཅས་ཟླ་དེར་ལོ་རྒྱུས་ཀྱི་ཆེས་མཐོ་ཞིང་གསར་བའི་ཟིན་ཐོ་སྐྲུན་པའི་གཏམ་བཟང་ཐོས་རྗེས།  དུས་ཆེན་སྐབས་སུ་འཐབ་ཕྱོགས་དང་པོ་ནས་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་བཀའ་དྲིན་ཆེ་ཞུས།  ལའོ་ཧོས་ཉིན་གྱིས་བཤད་རྒྱུར།   རྣོ་ལྕགས་ཁེ་ལས་ཀྱིས་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་ཀྱི་ནུས་བ་ཆེན་པོ་འདོན་བཞིན་ཡོད་པ་དང་།  ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སྲིད་གཞུང་གིས་ཞི་ཀང་རྣོ་ལྕགས་སྡེ་ཚོགས་ཀྱིས་ལོ་གསར་བའི་ནང་དུ་ཡང་བསྐྱར་མཐོ་རླབས་གསར་བ་ཞིག་སྐྲུན་དགོས་པ་དང་ནང་སྒོས་སུ་དེང་སྐབས་དང་ཡུན་རིང་ལ་འདང་བརྒྱབ་པ་དང་ཟུང་ཏུ་སྦྲེལ་ནས།   སྟོབས་ཤུགས་ཡོད་དགུ་བཏོན་ནས་ཞི་ཀང་རྣོ་ལྕགས་སྡེ་ཚོགས་ཀྱི་ཚན་རིག་གི་འཕེལ་རྒྱས་དང་།  མཆོང་སྐྱོད་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ཟེར།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

  འབྲེལ་ཡོད་དྲ་སྦྲེལ།
“ཡུས་ཧྲུའུ་མ་ཉམས་ན་མེས་རྒྱལ་ལ་དྲིན་ལེན་འཇལ་དགོས”ཞེས་པའི་མཚོ་སྔོན་ཡུས་ཧྲུའུ་[07-29]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་ལས་སྒོའི་སྲོག་ཤིང་ལས་བྱེད་པའི་གློག་རྡུལ་[07-28]
རྨ་འབྲི་རྫ་གསུམ་གྱི་རྗེས་དྲན་རྡོ་རིང་མདུན་ནས“གཙང་གསུམ་འབྱུང་ཡུལ་ནས་ཆུ་བླངས་ནས་འཛམ་[07-26]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་[07-26]
ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས[07-24]
ཀྲང་ཅན་མེན་གྱིས་ཨ་ཁྲོ་ཞང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་[07-24]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)