ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་ཚེས་བརྒྱད་ཉིན་ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བཟོ་ཚོང་ཅུའུ། ཟི་ལིང་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ལམ་གྱི་སྔོ་ཚོད་སིལ་ཏོག་ཕྱོགས་བསྡུས་སྡེབ་འཚོང་ཚོང་ར་སོགས་ལ་སོང་ནས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཚོང་ར་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་སྔོ་ཚོད་འདེབས་པའི་བཟོ་སྐྲུན་འཛུགས་སྐྲུན་ཐད་ལ་རེ་བ་གསར་བ་བཏོན།
ཧེ་ཧུའུ་ལམ་སྡེབ་འཚོང་ཚོང་རར་རྟོག་ཞིབ་བྱས་པ།
ཞིན་ཉིན་ཐང་ཆེན་དུ་གནས་པའི་ཏ་པའེ་ཚོང་ཁང་ཆེན་མོར་རྟོག་ཞིབ་བྱས་པ།

དངོས་པོ་ཉོ་བཞིན་པའི་འབངས་མི་དང་ལོ་གསར་གྱི་ཉེར་མཁོ་ཉོ་སྒྲུབ་བྱེད་པའི་གནས་ཚུལ་སྐོར་མཛའ་བརྩེ་ངང་གླེང་མོལ་བྱས་པ།
ལའོ་ཧོས་ཉིན་སོགས་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ལམ་གྱི་སྔོ་ཚོད་དང་སིལ་ཏོག་སྡེབ་འཚོང་ཚོང་རར་སོང་ནས་སྔོ་ཚོད་དང་སིལ་ཏོག་སོགས་ཚོང་གཉེར་བྱེད་བཞིན་པའི་ཚོང་བ་རྣམས་དང་མཉམ་དུ་གླེང་མོལ་བྱས་པ་དང་། སྔོ་ཚོད་ཀྱི་སྣ་ཁ་དང་རིན་གོང་། ཕྱིར་འཚོང་། གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། སྔོ་ཚོད་སོགས་ཀྱི་རྒྱུ་སྤུས་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

མང་ཇ་ལམ་ཚོང་རར་རྟོག་ཞིབ་བྱས་པ།

མང་ཇ་ལམ་ཚོང་རར་རྟོག་ཞིབ་བྱས་པ།
རྟོག་ཞིབ་བྱེད་སྐབས་ལའོ་ཧོས་ཉིན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ལ་བཤད་རྒྱུར། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་བསྟུན་ནས་མི་རྣམས་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་དགོས་མཁོ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། ཕྱིན་ཆད་ཞིང་ཞོར་ཐོན་རྫས་ཀྱི་བརྗེ་རེས་ཚོང་ར་འཛུགས་སྐྲུན་བྱེད་སྐབས་སྐྱེལ་འདྲེན་དང་ཆ་འཕྲིན་བློ་འདོན་སོགས་ཀྱི་སྤྱི་བའི་ཞབས་ཞུ་སྒྲུབ་ས་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ནས། དེང་རབས་ཅན་གྱི་ཉོ་འཚོང་བརྗེ་རེས་ཚོང་ར་འཛུགས་སྐྲུན་བྱེད་དགོས་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།
འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། |