དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཝང་ལིན་ཅུན་གྱིས་བོད་ལུག་ཚོགས་ཁག་ཀུང་སིའི་འཐབ་ཕྱོགས་དང་པོའི་
ལས་བཟོ་པར་ལྟ་སྐོར་དང་འཚམས་འདྲི་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    སྤེལ་དུས།:2010ལོའི་ཟླ2པའི་ཚེས8ཉིན།    

ཟླ2པའི་ཚེས5ཉིན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བཟོ་ཚོང་ཅུའུ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོའི་ཕེབས་རོགས་འོག་མཚོ་སྔོན་བོད་ལུག་ས་གདན་ཚོགས་ཁག་ཀུང་ཟིའི་ཁེ་ལས་འགོ་ཁྲིད་དང་འཐབ་ཕྱོགས་དང་པོའི་ལས་བཟོ་པར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ནས་དུས་ཆེན་སྔ་རོལ་དུ་ཁེ་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ད་དུང་འབད་འཐབ་བྱེད་བཞིན་པའི་ལས་བཟོ་པར་གནམ་ལོ་སར་བར་སྨོན་འདུན་ཞུས།

ཝང་ལིན་ཅུན་དང་ཀུང་ཟིའི་འགོ་ཁྲིད་བཅས་དང་དེ་མིན་འཐབ་ཕྱོགས་དང་པོའི་ལས་བཟོ་པ་རྣམས་དང་བཞུགས་མོལ་བྱས། ཁོང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མས་ལོ་གཅིག་རིང་དཀའ་སྤྱད་ཀྱིས་ངལ་རྩོལ་བྱས་པ་དང་།  མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་པ་མ་ཟད།  འཚམས་འདྲིའི་སྒོར་མོ་བསྐྱལ།  ཁོང་གིས་གསུང་རྒྱུར། འདས་པའི་ལོ་གཅིག་ནང་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དེ་འདྲ་བཟང་རྒྱུ་མེད་མོད།  འོན་ཀྱང་བོད་ལུག་ཚོགས་ཁག་གིས་དཀའ་ཁག་སེལ་ཞིང་།  རྒྱལ་ཁབ་ཕྱིའི་ཚོང་ར་བརྟན་འཇགས་བྱས་པའི་ཞོར་དུ་རྒྱལ་ནང་གི་ཚོང་ར་ཧུར་ཐག་གིས་གསར་གཏོད་བྱས་པ་དང་།  སྲོལ་རྒྱུན་གྱི་ས་གདན་འཕེལ་རྒྱས་གཏོང་བའི་ཞོར་དུ་འཕྲུལ་ཆས་ལ་བརྟེན་ནས་འཐག་པ་དང་སྒྱུ་རྩལ་འགེལ་གྲུམ་སོགས་རྫས་རིགས་སྣ་མང་ཞིབ་འཇུག་དང་གསར་སྤེལ་བྱས་ཏེ་གྲུབ་འབྲས་ལེགས་པོ་ཐོབ་ཡོད།  མཚོ་སྔོན་དུ་དེ་འདྲ་མང་རྒྱུ་མེད་པའི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་ཅུང་མཐོ་བའི་ཁེ་ལས་གྲས་ཀྱི་གཅིག་ཡིན་པའི་ཆ་ནས་བཤད་ན།  བོད་ལུག་ཚོགས་ཁག་གིས་ཧུར་ཐག་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ།  ཐོན་རྫས་ཀྱི་ཚོང་ལམ་རྒྱ་སྐྱེད་པ་མ་ཟད། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་ནས་ཀུང་ཟིའི་རྣམ་པ་སྒྱུར་བཀོད་བྱས་པས། མཚོ་སྔོན་གྱི་ཕྱི་ཕྱོགས་ཅན་ཁེ་ལས་ཀྱི་དར་ཆ་ལྟ་བུ་ཞིག་ཏུ་གྲུབ་ཡོད་པ་དང་། རང་ཞིང་གི་ཁེ་ལས་ཀྱིས་སློབ་སྦྱོང་བྱེད་འོས་ཤིང་། ང་ཚོ་ཚང་མ་བོད་ལུག་ས་གདན་དང་མཚོ་སྔོན་ས་གདན་གྱི་ཚོང་འགྲེམ་པ་བྱས་ཏེ། མཚོ་སྔོན་ས་གདན་ལས་རིགས་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུད་ནས་ཧུར་ཐག་གིས་བྱས་རྗེས་འཇོག་དགོས།  ལོ་གསར་བའི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་དང་།  ཀུང་ཟིའི་འགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་སྣེ་ཁྲིད། ལས་བཟོ་པ་ཡོངས་ཀྱི་ཧུར་ཐག་འབད་བརྩོན་བཅས་ཡོད་པས། ཁེ་ལས་ངེས་པར་དུ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་།  ལོ་ཧྲིལ་བོའི་སྔོན་བཀོད་ལས་འགན་ལེགས་འགྲུབ། དེ་མིན་རང་ཞིང་གི་ཕྱི་གཏོང་ཉོ་ཚོང་ཐད་བྱས་རྗེས་གསར་བ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་དང་ཐའེ་པེ་གྲོང་ཁྱེར་གྱི་[03-18]
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས2009ལོའི་དམིགས་འབེན་[03-17]
“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་ཕྱོགས་བསྡུས་[03-17]
ཧོ་ཐིང་གིས་འགན་འཁྲི་འདུ་ཤེས་དང་སེམས་ཁྲལ་འདུ་ཤེས་ཇེ་དྲག་ཏུ་[03-16]
མཚོ་སྔོན་ཞིང་ཆེན་གྱིས2010ལོའི་གསུམ་པའི་བཅོ་ལྔའི་རྒྱལ་སྤྱིའི་འཛད་སྤྱོད་པའི་[03-15]
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་[03-15]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)