དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ངོ་སྤྲོད་མདོར་བསྡུས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་ཆ་འཕྲིན།    སྤེལ་དུས།:2008ལོའི་ཟླ11པའི་ཚེས29ཉིན།    

     ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་(བསྡུས་མིང་ལ་སྲིད་གྲོས)ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་ལ།  དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་ཁག་མང་བོ་དང་ཆབས་ཅིག་མཉམ་ལས་དང༌།   ཆབ་སྲིད་གྲོས་མོལ་གྱི་སྡེ་ཁག་གལ་ཆེན་ཞིག་རེད།    མི་དམངས་སྲིད་གྲོས་ནི་ཀྲུང་གོའི་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཁག་སོ་སོ།     ཏང་མེད་དམངས་གཙོའི་མི་སྣ།    མི་དམངས་ཚོགས་པ།    མི་རིགས་ཁག་དང་སྡེ་ཁག་སོ་སོའི་འཐུས་ཚབ་པ།   ཐའེ་ཝན་སྤུན་ཟླ།   ཤང་ཀང་དང་ཨོ་མིན་སྤུན་ཟླ།   ཕྱིར་ལོག་རྒྱལ་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་མི་སྣ་བཅས་ཀྱིས་གྲུབ་པ་ཡིན།
     ཀྲུང་གོ་ཀུང་ཁྲན་ཏང་གིས་མགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ།   སྲིད་གྲོས་ཀྱིས་གཙོ་བོ་རྒྱལ་ཁབ་ཀྱིས་སྲིད་ཇུས་གལ་ཆེན་འདོན་པར་མི་རིགས་སོ་སོ་དང་ཏང་ཁག་སོ་སོ།    སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོའི་མི་དམངས་བཅས་ཀྱིས་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་བཞིན་ཡོད།    དེས་སྡེ་ཁག་སོ་སོའི་མི་སྣ་ཁག་གི་མཐུན་སྒྲིལ་དང་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།   གྲོས་ཚོགས་དེའི་འཐུས་མིའི་འགན་ཁུར་གྱི་དུས་ཡུན་ནི་ངོ་ངོ་ལྔ་ཡིན་ཞིང༌། ཚོགས་འདུ་དེ་ལོ་རེར་ཐེངས་རེ་འཚོགས་བཞིན་ཡོད་པ་རེད།

    
ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འགན་ནུས་གཙོ་བོ་ནི་ཆབ་སྲིད་གྲོས་མོལ་དང་དམངས་གཙོས་ལྟ་སྐུལ།   སྲིད་གྲོས་ལ་ཞུགས་པའི་ཏང་ཁག་སོ་སོ་དང་ཚོགས་པ་ཁག    མི་རིགས་སོ་སོ།    སྤྱི་ཚོགས་ཁོངས་སོ་སོའི་མི་སྣ་བཅས་སྲིད་ཀྱི་བྱ་བར་ཞུགས་སུ་འཇུག་རྒྱུ་དེ་ཡིན།

  འབྲེལ་ཡོད་དྲ་སྦྲེལ།
རྒྱལ་གཞུང་སྤེལ(2010)ཡིག་ཨང31པ།[07-09]
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ངོ་སྤྲོད་མདོར་བསྡུས།[01-29]
རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ངོ་སྤྲོད་མདོར་བསྡུས།[11-29]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)